ལས་བསྡོམ།


སློབ་གྲྭའི་དབུ་འབྱེད་མཛད་སྒོ།
༄༅།།ཕྱི་ལོ། ༢༠༡༨ ལོའི་ཕྱི་ཟླ་ པའི་ཚེས་ ༡ ཉིན་ཞོགས་པ་ཕྱག་ཚོད་ པའི་ཐོག་སྐུ་མགྲོན་གྱི་གཙོ་ བོ་དྷ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་ཟུར་པ་དགེ་དངོས་འགྲུབ་དབང་འདུ་མཆོག་གདན་ཞུས་ཀྱིས་བློ་གཏེར་ ཚོམས་ཆེན་ནང་དགེ་སློབ་ཡོངས་རྫོགས་ཚང་འཛོམས་ཐོག་སློབ་གྲྭའི་དབུ་འབྱེད་མཛད་སྒོ་དབུ་འཛུགས་ གནང་བ། དེ་ཡང་ཐོག་མར་དགེ་སློབ་རྣམས་དང་ཕྲུག་གུའི་ཕ་མ་བཅས་སྐུ་བཞེངས་ཐོག་སློབ་གྲྭའི་གཞས་ མཁྱེན་པའི་ཡེ་ཤེས་རོལ་དབྱངས་དང་བཅས་བཀྲིས་ལོ་ལེགས་ངང་དབུ་བཙུགས་ཞུས། དེ་ནས་ལས་རིམ་དང་པོར་སློབ་གྲྭའི་སློབ་སྤྱི་མཆོག་ནས་དགེ་སློབ་རྣམས་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས་ལོ་འདིའི་ལས་འཆར་རྣམས་ཇི་ལྟར་གནང་དགོས་མིན་ཐད་ཁ་གསལ་གོ་བདེའི་ལམ་ནས་འགྲེལ་བརྗོད་མཐིལ་ཕྱིན་གནད་ཕིགས་གནང་བ་དང་དེ་བཞིན་སློབ་གྲྭའི་དགོས་དམིགས་ཇི་བཞིན་ལྷག་བསམ་རྣམ་དག་ ཐོག་ཤར་བསྐྱོད་གནང་དགོས་ལུགས་གསུངས་པ། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་སློབ་སྦྱོང་གལ་ཆེན་ པོ་ཡིན་པ་ཙམ་དུ་མ་ཟད་༸གོང་ས་མཆོག་དང་བོད་གཞུང་། ཕ་མ་དང་དགེ་རྒན་བཅས་ཀྱི་བཀའ་དྲིན་བསམ་ ཤེས་བྱ་རྒྱུ་ཆེས་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་ཟབ་མོ་གནང་བར་དགེ་སློབ་ཕ་མ་ ཡོངས་ལ་དུས་རྟག་ཏུ་རང་བློར་སྙིང་བཅངས་བྱ་དགོས་བར་གདོན་མི་ཟ་སྙམ་པའི་ཚོར་ཤུགས་ཆེན་པོ་བྱུང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་ལས་བྱེད་གསར་ཕེབས་ཁག་དང་ཕྱི་ལོ་༢༠༡༨ལོའི་རྒན་བདག་བཅས་ལ་དགའ་བསུའི་དར་དཀར་བསྒྲོན་གནང་བ་དང་ཆབས་ཅིག་སློབ་གྲྭའི་དགེ་ཆེ་ཀརྨ་བཀྲིས་ལགས་ནས་ ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་བསྒྲིལ་གནང་བ།

ཕ་མའི་ཉིན་མོ་སྲུང་བརྩི་ཞུས་པ།
༄༅།། ཕྱི་ལོ་  ༢༠༡༨ ལོའི་ཟླ་བ་ ཚེས་ ཉིན་ཞོགས་པ་ཕྱག་ཚོད་ པའི་ཐོག་སློབ་གྲྭའི་སློབ་སྤྱི་ མཆོག་དབུ་བཞུགས་ཀྱིས་དགེ་སློབ་ཡོངས་བློ་གཏེར་ཚོམས་ཆེན་ནང་གཟབ་མཆོར་དང་བཅས་ཚང་ འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་བ། དེ་ཡང་མཛད་སྒོའི་ཐོག་མར་སློབ་སྤྱི་མཆོག་ནས་དུས་དྲན་ངོ་ སྤྲོད་ཀྱི་གསུང་བཤད་དང་སྦྲགས་༸གོང་ས་མཆོག་གི་༸རྒྱལ་ཡུམ་ཆེན་མོའི་མཛད་རྣམ་རྒྱས་བསྡུ་འཚམས་པོའི་བརྙན་ཐུང་ཞིག་མང་ཚོགས་ལ་གཟིགས་འབུལ་ཞུས། དེ་བཞིན་བཀྲིས་ཞོ་པ་སོགས་གཞས་སྣ་ཁག་ འགའ་ཤས་ཀྱང་གཟིགས་འབུལ་ཞུས་པ་དང་སྦྲགས་སྔ་ལོའི་ལོ་འཁོར་ཡིག་རྒྱུགས་ནང་ཨང་རིམ་སོན་པའི་ སློབ་མ་རྣམས་དང་ལྷག་པར་བརྒྱ་ཆ་བདུན་ཅུ་དོན་ང་ཡན་གྱི་སློབ་མ་རྣམས་ལ་སྐུ་མགྲོན་གྱི་གཙོ་བོ་སློབ་གྲྭའི་སློབ་སྤྱི་མཆོག་ནས་བྱ་དགའ་གསོལ་རས་བསྩལ་གནང་མཛད་པ། དེ་བཞིན་བོད་ཡིག་སྡེ་ཚན་གྱི་ཚོགས་ གཙོ་བོད་དགེ་ལྷག་པ་ཚེ་རིང་མཆོག་ནས་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་བསྩལ་བའི་གསུང་འཕྲིན་ ལྗགས་ཀློག་གནང་། མཐའ་དོན་དེར་སློབ་གྲྭའི་དགེ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ མཛད་སྒོ་ལེགས་གྲུབ་ངང་མཇུག་བསྒྲིལ་གནང་།

འཛིན་རིམ་བཅུ་པའི་སློབ་ཐོན་པའི་མཛད་སྒོ།
༄༅།། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ པའི་ ཚེས་  ༢༩ རེས་གཟའ་ཕུར་བུའི་ཞོགས་པ་ཕྱག་ཚོད་ ༩་༣༠ ཐོག་དགེ་སློབ་ཡོངས་ཚང་འཛོམས་ཀྱིས་སྐུ་མགྲོན་གྱི་གཙོ་བོ་བོད་ཁྱིམ་སྤྱི་ཁྱབ་དྲུང་ཆེ་རྒན་ཆོས་དབྱིངས་དོན་འགྲུབ་མཆོག་དངོས་སུ་ཆིབས་སྒྱུར་བསྐྱངས་ཏེ་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་སྐབས་བཅུ་པའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་སློབ་ཐོན་པའི་མཛད་སྒོ་དབུ་འཛུགས་གནང་།   མཛད་སྒོའི་ཐོག་མར་མཐུན་མོང་མ་ ཡིན་པའི་རིག་པའི་ལྷ་མཆོག་གི་བསྟོད་པ་གང་ལོ་མ་གསུང་འདོན་གནང་། དེ་ནས་སྔོན་བྱོན་མེས་པོ་དམ་པ་ རྣམས་ཀྱི་གསུང་རྒྱུན་ལ་བྱ་བ་མི་གཙོ་རྟེན་འབྲེལ་གཙོ་ཞེས་པ་ལྟར་སྐུ་མགྲོན་གཙོ་བོ་གཙོ་བའི་དགེ་ལས་ རྣམས་དང་འཛིན་རིམ་བཅུ་པའི་སློབ་ཐོན་པའི་སློབ་མ་བཅས་ལ་བཀྲིས་བའི་རྟེན་འབྲེལ་མཚོན་ཆེད་དུ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་པ་དང་ཆབས་ཅིག་༸རྒྱལ་བའི་ཞབས་རྟེན་གསུང་འདོན་གནང་། དེ་བཞིན་སློབ་སྤྱི་མཆོག་ནས་སྐབས་བསྟུན་མཛད་སྒོ་དང་འབྲེལ་བའི་སྐོར་བཀའ་སློབ་གནད་ཕིགས་གཟབ་ ནན་ཁ་གསལ་གནང་།  དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་འཛིན་རིམ་བཅུ་པའི་སློབ་ཐོན་པའི་སློབ་མ་ རྣམས་ལ་ཕྱག་འཁྱེར་དང་མཇལ་དར་བསྒྲོན་པ་སོགས་དགའ་བསུའི་འཚམས་འདྲི་ཟབ་རྒྱས་ཞུས་པ་དང་ སྦྲགས་སྐུ་མགྲོན་གཙོ་བོ་མཆོག་ནས་མཛད་རིམ་དང་འབྲེལ་བའི་བླང་དོར་ལམ་སྟོན་བཀའ་སློབ་ཟབ་རྒྱས་ གནང་།  དེ་ནས་སློབ་གྲྭའི་དགེ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་བ་དང་ཆབས་ཅིག་མཐའ་ མ་དེར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་ཏེ་མཛད་སྒོ་མཇུག་བསྒྲིལ་གནང་བ།

དམིགས་བསལ་མཛད་རིམ་ལྷ་མོའི་འཁྲབ་གཞུང་།
༄༅།། ༢༠༡༨ ལོའི་ཕྱི་ཟླ་ པའི་ཚེས་ ༢༠ ཉིན་བོད་ཁྱིམ་ཅོན་ཏ་རའི་སིལ་པོལ་རྩེད་ཐང་དུ་བོད་གཞུང་ཟློས་གར་ཚོགས་པའི་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྐུ་མགྲོན་གྱི་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་ཏཱའི་སི་ཏུ་རིན་པོ་ཆེ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་པའི་ལྷ་མོའི་འཁྲབ་སྟོན་རུ་ཁག་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་རྣམ་པ་དང་། སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་དང་ཉེ་འཁོར་ཁག་གི་མི་དམངས་ཡོངས་ལ་ཐོག་མར་བཀྲིས་བའི་རྟེན་འབྲེལ་མཚོན་ཆེད་དུ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་ཏེ་མཛད་སྒོ་དབུ་འབྱེད་དང་སྦྲགས་སྐུ་མགྲོན་གྱི་གཙོ་བོ་མཆོག་ནས་གདུལ་བྱ་རྣམས་ལ་མཐུན་མིན་ཆོས་དང་རིག་གཞུང་གི་གལ་ཆེའི་རང་བཞིན་སོགས་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྐྱངས་གནང་མཛད། དེ་ཡང་ཆོས་དང་རིག་གཞུང་ནི་འགྲོ་བ་མིའི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་པའི་ངོ་རྟགས་ཁྱད་པར་བ་ཞིག་ཡིན་དང་། དེ་ཡང་ཚེ་འདི་དང་གཏན་གྱི་མདུན་མ་སྒྲུབ་པའི་རྒྱུའི་གཙོ་བོ་ཡིན་ཞིང་། བོད་ཀྱི་ལྷ་མོའི་ཟློས་གར་སོགས་ཆོས་རིག་གི་དར་རྒུད་སྐད་ཡིག་འཕེལ་འགྲིབ་ཀྱི་གནས་སྟངས་དང་ཐད་ཀར་འབྲེལ་བ་ཡོད་སྟབས་མ་འོངས་ཆོས་རིག་གི་བདག་པོ་སློབ་ཕྲུག་ཕོ་མོ་གཙོས་བོད་མི་ཡོངས་ནས་རང་ནུས་གང་ལྕོགས་དང་ཕྱར་གྲུ་མཉམ་འདེགས་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་ལ་ལེགས་སྐྱེས་འབུལ་དགོས་པ་སོགས་ཀྱི་སྐོར་གནད་པ་སྨིན་པའི་ཟབ་པ་དང་རྒྱ་ཆེ་བའི་བཀའ་སློབ་ལམ་སྟོན་རྒྱ་ཆེར་བསྩལ་གནང་མཛད་པ་སོགས་གསུང་གི་བདུད་རྩིས་བྱིན་རླབས་འཇུག་པས་སྐལ་བཟང་གི་གོ་སྐབས་བཟང་པོ་ཐོབ། དེ་བཞིན་ཉིན་གྲངས་གསུམ་གྱི་རིང་གཤམ་གསལ་ས་གནས་ཁག་སོ་སོའི་ལྷ་མོའི་འཁྲབ་གཞུང་རྣམས་གཟིགས་འབུལ་ཞུས་པ།
ཉིན་དང་པོར་ཚེས་  ༢༠ ལ་སྦེ་ལ་ཀོ་པི་གཞིས་ཆགས་ནས་སྣང་ས་འོད་འབུམ་གྱི་འཁྲབ་གཞུང་།
ཉིན་གཉིས་པར་ཚེས་ ༢༡ ལ་སྦན་ཌ་ར་གཞིས་ཆགས་ནས་མགྲིན་མེད་སྐུ་ལྡན་གྱི་འཁྲབ་གཞུང་།
ཉིན་གསུམ་པར་ཚེས་ ༢༢ ལ་ཀོ་ལི་གྷལ་གཞིས་ཆགས་ནས་འགྲོ་བ་བཟང་མོའི་འཁྲབ་གཞུང་།
བཅས་ཉིན་གྲངས་གསུམ་གྱི་ནང་བོད་ཀྱི་མཐུན་མོང་མ་ཡིན་པའི་སྔ་མོའི་རྩ་ཆེའི་རིག་གཞུང་ཁྱད་པར་བ་ཞིག་ལ་མ་འོངས་སོན་རྩ་མང་པོ་ཞིག་ལ་བག་ཆགས་ཟབ་མོ་བྱུང་བ་དང་དེ་བཞིན་དགའ་མོས་ཆེན་པོའི་ལམ་ནས་མཐོང་ཐོས་ཉན་གསུམ་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་དངོས་སུ་ཐོབ་ཡོད།
བོད་ལྗོངས་ང་ཚོའི་ཕ་ཡུལ།
༄༅།། ༢༠༡༨ ལོའི་ཕྱི་ཟླ་  ༤ པའི་ཚེས་ ༤ ནས་ཚེས་ ༢༥ བར་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་བོད་ཁྱིམ་སློབ་གྲྭའི་ནང་གལ་གནད་དང་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་གྱིས་བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། གོམས་གསོལ་བཟང་པོའི་ཡ་རབས་ལམ་ལུགས་སོགས་ལ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བཅས་ཀྱི་ཆེད་རང་རེའི་ན་གཞོན་རྣམས་ལ་ཐབས་བརྒྱ་བྱུས་སྟོང་ཐོག་ནས་གོ་རྟོགས་དང་བློ་ངོར་གསལ་བརྟན་ངེས་ཐབས་སུ་ལས་འཆར་འདྲ་མིན་ཞིག་དངོས་ཤུགས་རྒྱུད་གསུམ་ནས་ལག་བསྟར་བྱས་དང་བྱེད་བཞིན་པ་ལྟར་འདི་ལོ་ཡང་མིག་འབྲས་བཞིན་གཙེགས་སུ་འཛིན་ཏེ་ཟླ་བ་གཅིག་ཙམ་རིང་ལས་འགུལ་ལག་བསྟར་བྱས་དང་བྱེད་མུས་ལ་སོང་། འདི་ལོ་ཡང་མཐུན་མིན་རིག་གཞུང་དེ་དག་ལས་གལ་ཆེ་དོན་ཆེ་ཞིག་ལ་བརྩིས་ཏེ་༸གོང་ས་མཆོག་གི་སྐུའི་གསང་གསུམ་འཕྲིན་ལས་ལ་བཀྲིན་དྲན་གསོའི་ཆེད་དུ་༸རྒྱལ་བའི་གསང་གསུམ་མཛད་འཕྲིན་དང་འབྲེལ་བའི་སྐོར་འཛིན་རིམ་དང་པོ་ནས་འཛིན་རིམ་བཅུ་པ་བར་འཛིན་གྲྭའི་སྡེ་ཚན་སོ་སོའི་ནང་བརྗོད་གཞི་འདྲ་མིན་ལམ་ནས་སློབ་མ་རྣམས་ལ་ཤེས་རྟོགས་ཡོང་ཐབས་སུ་འཛིན་གྲྭ་གྲོལ་མཚམས་ཆུ་ཚོད་གཅིག་དང་ཕྱེད་ཀའི་དུས་ཡུན་རིང་སྦྱོང་བརྡར་གོ་སྐབས་གང་ལེགས་སྤྲད་མཐར་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་བསྲུང་བརྩི་ཞུས་སྐབས་ཞོགས་པ་བསང་གསོལ་རྒྱས་པ་ཞིག་དང་དེ་ཉིན་དགོང་དྲོ་ཆུ་ཚོད་ ༥་༣༠ ཐོག་དགེ་སློབ་ཡོངས་ཚང་འཛོམས་ཐོག་འཛིན་རིམ་གསུམ་པའི་སློབ་མ་རྣམས་ནས་༸གོང་ས་མཆོག་གི་སྐུའི་མཛད་རྣམ་སྙིང་བསྡུས་ཤིག་གཟིགས་འབུལ་ཞུས་པ། དེ་མིན་འཛིན་གྲྭ་སོ་སོའི་ལས་འཆར་རྣམས་ཞོགས་འཚོག་སྐབས་སློབ་གྲྭ་ཆེ་ཆུང་གཉིས་ཀྱི་སྡེ་ཚན་སོ་སོའི་ནང་བང་རིམ་བཞིན་སྐྱོར་སྦྱང་གནང་བ་སོགས་ལས་འཆར་འདི་ཐོག་མའི་དམིགས་ཡུལ་བཟུང་བ་བཞིན་སློབ་མར་དངོས་སུ་ཕན་རླབས་ཆེན་པོ་བྱུང་བ་བཅས་དོན་སྙིང་ལྡན་པ་བྱུང་ཡོད།

ཁང་ཚན་ནང་ཁུལ་གྱི་སིལ་པོལ་འགྲན་སྡུར།
༄༅།། ༢༠༡༨ ཕྱི་ཟླ་ ༣ ཚེས་ ༨ ནས་ཕྱི་ཟླ་ ༤ ཚེས་ ༡༨ བར་ཁང་ཚན་ནང་ཁུལ་གྱི་སིལ་པོལ་སྦྱོང་བརྡར་ཟླ་བ་གཅིག་མིན་ཙམ་སློབ་ཕྲུག་ཡོངས་ལ་གོ་སྐབས་བཟང་པོ་ཐོབ་པ་ནི་རྩ་བའི་དགོས་དམིགས་ལྟར་སློབ་མ་སོ་སོའི་ལུས་སེམས་གཉིས་ཀྱི་འཚར་ལོངས་ཆེས་ལེགས་པར་རྒྱས་ཐབས་དང་ལྷག་པར་རྩེད་མོ་དེའི་རྒྱུད་ལམ་ནས་ཉིན་རེའི་བྱ་བཞག་ནང་རང་གཞན་ཀུན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་པའི་ནུས་སྩལ་དམིགས་བསལ་བ་ཞིག་ཡོད་པར་རང་བློར་ངེས་རྟོགས་གསལ་བརྟན་བྱུང་བར་མངོན། དེ་ལྟར་འཛུལ་ཞུགས་དང་སྦྱོང་བརྡར་མཐིལ་ཕྱིན་བྱས་རྗེས་ཁང་ཚན་ནང་ཁུལ་དབར་དངོས་གཞིའི་སིལ་པོལ་འགྲན་སྡུར་གནང་བས་ཨང་རིམ་དང་པོ་སོན་པ་དང་ཕྱི་ལོ་ ༢༠༡༨ ལོའི་ཁྱོན་བསྡོམས་ཀྱི་ཨང་དང་པོ་སོན་པའི་ཁང་ཚན་གཤམ་གསལ།
༡༽ བུ་ཆེ་བ་དང་པོ།  ཁྲི་སྲོང་ཁང་ཚན།                 ༢༽ བུ་འབྲིང་བ་དང་པོ།  སྲོང་བཙན་ཁང་ཚན།
༣༽  བུ་ཆུང་བ་དང་པོ།  ཁྲི་རལ་ཁང་ཚན།             ༤༽ བུ་མོ་དང་པོ།   ཁྲི་རལ་ཁང་ཚན།
ཕྱི་ལོ་ ༢༠༡༨ ལོའི་ཁང་ཚན་ནང་ཁུལ་སིལ་པོལ་རྩེད་འགྲན་གྱི་ཨང་དང་པོ་སོན་པ་ཁྲི་རལ་ཁང་ཚན།

ས་ཡོམ་ཉིན་མོ་སྲུང་བརྩི་ཞུས་པ།
༄༅།། ༢༠༡༨ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༤ ཉིན་ས་ཡོམ་གྱི་ཉིན་མོ་ཞོགས་ཚོགས་སྐབས་སློབ་གྲྭའི་སློབ་སྤྱི་མཆོག་ན་ས་ཡོམ་བྱུང་རྐྱེན་དང་དེའི་སྔོན་འགོག་གི་ཐབས་བྱུས་ཇི་གནང་སྐོར་སློབ་ཕྲུག་མང་ཚོགས་ལ་གོ་རྟོགས་མཐིལ་ཕྱིན་སྤེལ་བ་དང་ལྷག་པར་དངོས་གཞི་སྦྱོང་བརྡར་སྐབས་ཚང་མས་མ་སྐུལ་དང་བླངས་ཐོག་རང་དོན་རང་གཅེས་སུ་འཛིན་ནས་ས་ཡོམ་གྱི་སྦྱོང་བརྡར་བྱ་དགོས་པའི་ལམ་སྟོན་གནང་བ་ལྟར་ཚོགས་ཐེངས་གཉིས་པའི་སྐབས་དངོས་གཞི་སྦྱོང་བརྡར་གནང་བ་བཞིན་ཚགས་ཚུད་ངང་དོན་སྙིང་ལྡན་པའི་སྦྱོང་བརྡར་བྱས་སྟབས་སློབ་མ་རྣམས་ལ་ཁ་ཡོད་ལག་ཡོད་ཀྱིས་མི་ཚེའི་ནང་ལ་ཕན་ངེས་ཤིག་ཏུ་གྱུར་སོང་སྙམ་པའི་ཚོར་ཤུགས་ཆེན་པོའི་ཐོག་ནས་ལས་རིམ་མཇུག་བསྒྲིལ་གནང་སོང་།
འཕྲོད་བསྟེན་གྱི་ཉིན་མོ།
༄༅།། ༢༠༡༨ ཕྱི་ཟླ་ ༤ ཚེས་  ༧ ཉིན་ཞོགས་ཚོགས་སྐབས་སློབ་གྲྭ་རྒན་པའི་སློབ་མ་འཛིན་རིམ་བདུན་པ་ནས་བཅུ་པ་བར་དང་འབྲེལ་ཡོད་དགེ་སློབ་བཅས་ལ་སློབ་གྲྭའི་འཕྲོད་བསྟེན་སྡེ་ཚན་ནས་འགོ་སྒྲིག་ཞུས་ཏེ་དམིགས་བསལ་གློ་ནད་དང་འབྲེལ་བའི་སྐོར་གཏམ་བཤད་དང་ལྷག་པར་གློག་ཀླད་འཕྲུལ་འཁོར་ལམ་ནས་བརྙན་ཐུང་གཟིགས་འབུལ་ཞུས་པ་སོགས་དོན་སྙིང་ལྡན་པའི་ལས་འཆར་མང་དག་ཞིག་འགྲེམས་སྤེལ་ཞུས་པ་བཞིན་མང་ཚོགས་ལ་དངོས་སུ་ཕན་འབྲས་ཆེན་པོ་སྨིན་པར་མངོན།

བཀའ་འགྱུར་ལྗགས་ཀློག
༄༅།། ༢༠༡༨ ཕྱི་ཟླ་ ༥ ཚེས་ ༢༢ དང་ཚེས་ ༢༣ བཅས་ཉིན་གྲངས་གཉིས་ཀྱི་རིང་སྤྱིར་སྐྱེ་འགྲོ་ཡོངས་དང་བྱེ་བྲག་ཏུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་དམ་པ་རྣམས་དང་། སྒོས་སུ་གངས་ཅན་ཆོས་ལུགས་རིས་མེད་ཀྱི་སྐྱེ་ཆེན་ཀུན། ལྷག་པར་འོ་ཅག་གདོང་དམར་ཀུན་གྱི་བལྟ་བའི་མིག་དང་ཁོག་པའི་སྙིང་། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་བླ་ན་མ་མཆིས་པ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། འགྲོ་བ་ཡོངས་ཀྱི་མགོན་སྐྱབས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རྣམས་ཡར་ངོའི་ཟླ་ལྟར་རྒྱས་ཤིང་བཞེད་དོན་ལྷུན་གྱིས་འགྲུབ་པའི་ཆེད་དུ་དམིགས་བཀར་འཛིན་ཏེ་འཕྲལ་ཕུགས་རྒྱང་གསུམ་གྱི་བགེགས་བར་ཐམས་ཅད་ཞི་ཞིང་ལེགས་ཚོགས་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་ཐབས་སུ་དགེ་སློབ་ཡོངས་ནས་ཉིན་གྲངས་གཉིས་ཀྱི་རིང་དགེ་ལས་སློབ་ཕྲུག་ཡོངས་བློ་གཏེར་ཚོམས་ཆེན་ནང་དུ་ཚང་འཛོམས་ཀྱིས་སློབ་གྲྭའི་རིགས་གཞུང་ཚོགས་ཆུང་གི་འགོ་ཁྲིད་འོག་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལྗགས་ཀློག་གནང་བས་སྤྱི་སྒེར་ཡོངས་ཀྱི་ལས་དོན་ཡོངས་རྫོགས་ལེགས་འགྲུབ་ཡོང་བ་དང་ལྷག་པར་དུ་ས་ག་ཟླ་བའི་དུས་ཆེན་ཁྱད་པར་བ་འདི་འཁེལ་སྟབས་ཚོགས་བསགས་སྒྲིབ་སྦྱང་བྱ་རྒྱུའི་སྐལ་བཟང་གི་གོ་སྐབས་བཟང་པོ་ཐོབ་ཡོད།

ཁང་ཚན་ནང་ཁུལ་གྱི་རྐང་བྲོ་གླུ་གཞས་འགྲན་སྡུར།
༄༅།། ༢༠༡༨ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༦ ཉིན་དགོང་དྲོ་ཕྱག་ཚོད་ ༥ པའི་ཐོག་སྐུ་མགྲོན་གྱི་གཙོ་བོ་གདུང་སྲས་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་སློབ་གྲྭའི་དགེ་སློབ་བཅས་ཚང་འཛོམས་ཀྱིས་བློ་གཏེར་ཚོམས་ཆེན་ནང་༸རྒྱལ་བའི་བཀྲིན་རྗེས་དྲན་དང་༸རྒྱལ་བ་རྒྱས་པའི་མཆོད་སྤྲིན་གྱི་སླད་དུ་སློབ་གྲྭའི་ཁང་ཚན་བཞིའི་དབར་རྐང་བྲོ་གླུ་གཞས་ཀྱི་འགྲན་སྡུར་མཛད་རིམ་རྣམས་ཞི་བདེ་ལྷིང་འཇགས་དང་དགའ་སྐྱིད་སྤྲོ་གསུམ་གྱི་ངང་འཁྲབ་སྟོན་ཞུས་པ། དེ་ཡང་ཐོག་མར་གཟུ་དཔང་རྣམ་གསུམ་ངོས་སྤྲོད་དང་སྦྲགས་འཁྲབ་སྟོན་དངོས་གཞི་དབུ་འཛུགས་གནང་བ། ཁང་ཚན་རེ་ནས་བུ་དང་བོུ་རྒན་པའི་འཁྲབ་གཞས་རེ་དང་བུ་དང་བོུ་ཆུང་བའི་འཁྲབ་གཞས་རེ། དེ་བཞིན་མཉམ་གཞས་རེ་དང་ཕོ་མོ་ཟུང་གཞས་རེ་བཅས་སྡེ་ཚན་བཞི་རེའི་དབར་འགྲན་སྡུར་བྱས་མཐར་ཕྱི་ལོ། ༢༠༡༨ ལོའི་ཁང་ཚན་དབར་གྱི་རྐང་བྲོ་གླུ་གཞས་ཀྱི་ཨང་རིམ་དང་པོར་སོན་པ་ནི་ཁྲི་རལ་ཁང་ཚན་ཡིན། སྤྱིར་རང་གི་མཐུན་མོང་མ་ཡིན་པའི་རིག་གཞུང་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ་གླུ་གར་གྱི་རྒྱ་མཚོ་ལྟ་བུ་ཡོད་པའི་ནང་ནས་ཆུ་ཐིགས་ཙམ་ཞིག་མང་ཚོགས་དང་དམིགས་བསལ་ན་གཞོན་རྣམས་ལ་དམིགས་བཀར་འཛིན་ཏེ་འཁྲབ་སྟོན་ཞུས་པ་ལྟར་སློབ་མ་མང་དག་ཞིག་ལ་དངོས་ཤུགས་བརྒྱུད་གསུམ་ནས་བག་ཆགས་གཏིང་ཟབ་ཞིག་འཇོག་ཐུབ་པ་བྱུང་བ་ནི་དགོས་དམིགས་ཀྱི་གཙོ་བོ་དེ་ཡིན་སྟབས་དོན་འབྲས་སྨིན་པར་ངེས་པས་དགའ་སྤོབས་ཀྱི་གནས་སུ་མཆིས།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལས་འགུལ།
༄༅།། ༢༠༡༨ ཕྱི་ཟླ་ ༥ ཚེས་ ༢༨ དགོང་དྲོ་ཕྱག་ཚོད་ ༥་༣༠ ཐོག་དགེ་ལས་སློབ་ཕྲུག་རྣམས་བློ་གཏེར་ཚོམས་ཆེན་ནང་ཚང་འཛོམས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་རྒྱུས་སྟོན་པ་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་བརྗོད་གཞི་མི་འདྲ་བ་གཙོ་བོ་གསུམ་གྱི་ཐོག་ལ་འགྲེལ་བརྗོད་གནང་བའི་ནང་ནས་སྡེ་ཚན་དང་པོ་བཟང་སྤྱོད་ཀྱི་རྩ་འཛིན། དེ་ལ་ཡང་། བྱམས་བརྩེའི་ནུས་པ།  བཟོད་སེམས་ཀྱི་སྟོབས་ཤུགས། རྟེན་འབྲེལ་གྱི་རང་བཞིན།  སྡེ་ཚན་གཉིས་པ་སེམས་འཚོལ་ཞིབ་རིག་རྩལ། དེ་ལ་ཡང་། སེམས་ནང་དུ་གནས་པ།  མྱོང་ཚོར་ཤེས་པ། དུས་ཤེས་བརྟེན་པ། སྡེ་ཚན་གསུམ་པ་ནུས་སྟོབས་གོང་སྤེལ། དེ་ལ་ཡང་། གོ་རྟོགས་ཡོད་པ། ཤེས་ཚད་ཡོད་པ། གནས་ཚད་ཡོད་པ་སོགས་ནང་དོན་གལ་གནད་དང་དཀའ་གནད་བཅས་ལ་ལམ་སྟོན་བསླབ་བྱ་སོགས་མཐིལ་ཕྱིན་གནང་འཕྲལ་དགེ་སློབ་མང་ཚོགས་ཀྱིས་དྲི་བར་བཀའ་ལན་ཁ་གསལ་གོ་བདེ་སོགས་ཀྱི་ལམ་ནས་གནང་བས་ཕན་འབྲས་ཆེན་པོ་བྱུང་བར་མངོན།

འཛམ་གླིང་ཐ་མ་ཁའི་སྤོང་ཐབས་ཀྱི་ཉིན་མོའི་ལས་འགུལ།
༄༅།། ༢༠༡༨ ལོའི་ཕྱི་ཟླ་ ཚེས་ ༣༡ རེས་གཟའ་ཕུར་བུའི་ཞོགས་ཚོགས་སྐབས་སློབ་གྲྭ་རྒན་ པའི་འཛིན་རིམ་བདུན་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་དང་འབྲེལ་ཡོད་དགེ་ལས་བཅས་ཚང་འཛོམས་ཐོག་འཛམ་གླིང་ཐ་མ་ཁའི་སྤོང་ཐབས་ཀྱི་ཉིན་མོའི་ལས་འགུལ་སྐབས་སློབ་གྲྭའི་མདུན་ལམ་སློབ་སྟོན་པའི་འགོ་ ཁྲིད་འོག་སློབ་མ་མང་པོ་ཞིག་ནས་ཐ་མ་ཁའི་ཉེས་སྐྱོན་ཐོག་གཏམ་བཤད་དང་བརྙན་འཕྲིན།   བརྙན་པར་སོགས་ཀྱི་ལམ་ནས་མང་ཚོགས་ལ་གོ་རྟོགས་ཟབ་ནན་སྤེལ་བར་བརྟེན་ཐོག་མའི་དགོས་ དམིགས་དང་མིག་ཚད་ངེས་བརྟན་ཞིག་གཙེགས་སུ་འཛིན་པ་ལྟར་དོན་འབྲས་ཆེན་པོ་དང་ཕན་རླབས་ལྡན་པ་ཞིག་བྱུང་བར་མངོན།

དབྱར་ཁའི་ཁྲོམ་དུས།
༄༅།། ༢༠༡༨་ཕྱི་ཟླ་  པའི་ཚེས་ ༡༦ རེས་གཟའ་སྤེན་པའི་ཉིན་རིགས་གཞུང་ཚོགས་ཆུང་གི་འགོ་ཁྲིད་འོག་དགེ་ལས་ཡོངས་དང་སློབ་ཕྲུག་མང་པོ་ཞིག་མཉམ་ཞུགས་ཐོག་ཞོགས་པ་ཕྱག་ཚོད་ ཙམ་ནས་འགོ་འཛུགས་ཀྱིས་དགོང་དྲོ་ཕྱག་ཚོད་  པ་བར་སློབ་གྲྭའི་རྐང་རྩེད་པོ་ལོའི་རྩེད་ཐང་ཆེན་པོ་དེའི་སྟེང་དགེ་ལས་རྣམས་ནས་ལྷག་བསམ་རྣམ་དག་དང་སྤྱི་དོན་ཁོ་ནར་དམིགས་ཏེ་བཅོས་མིན་གཡོ་མེད་ཐོག་ལུས་སེམས་ཟུང་གི་ནུས་ཤུགས་ཇི་སྙེད་གཅིག་ཏུ་བསྒྲིལ་ཏེ་སྤྱི་དོན་ལ་འབད་པ་ནི་བསྔགས་འོས་སུ་གྱུར།  དེ་ཡང་སློབ་མ་རྣམས་ཀྱི་ཁམས་དང་མོས་པ་ཅི་རིགས་ཤིག་ཡོད་པ་དང་བསྟུན་ཏེ་རྩེད་རིགས་འདྲ་མིན་སྣ་ཚོགས་དང་། ཟ་བཏུང་ཡང་འདྲ་མིན་སྣ་མང་སོགས་འགོ་སྒྲིག་འཐུས་གཙང་ཞུས་པས་ཉིན་གཅིག་གི་རིང་རྒྱུན་གཏན་དང་གཏན་ནས་མི་འདྲ་བར་སྤྲོ་སྐྱིད་ལྡན་ལ་ཡིད་འཕྲོད་བཞིན་སྣང་བ་སྐྱིད་པའི་ཁོར་ཡུག་དམིགས་བསལ་བ་ཞིག་ལ་སློབ་མ་ཆེ་ཆུང་བར་གསུམ་ནས་དགའ་སྐྱིད་ལ་རོལ་བཞིན་གནས་པ།

ཨང་རྩིས་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ།
༄༅།། ༢༠༡༨ ལོའི་ཕྱི་ཟླ་ པའི་ཚེས་ ༡༨ ཉིན་ཞོགས་པའི་འདུ་འཛོམས་སྐབས་སློབ་གྲྭ་ཆེ་ཆུང་གཉིས་ ཀའི་དགེ་སློབ་རྣམས་ཚང་འཛོམས་ཀྱིས་ཨང་རྩིས་དང་འབྲེལ་བའི་སྙན་འཇེབས་ལྡན་པའི་གླུ་གཞས་ཀྱི་ ལམ་ནས་འཛིན་རིམ་ཁག་འགའ་ཤས་ནས་གཟིགས་འབུལ་ཞུས་མཚམས་སློབ་གྲྭ་ཆེ་ཆུང་གཉིས་འདུ་ འཛོམས་སོ་སོར་ཚོགས་ཏེ་བློ་གཏེར་ཚོམས་ཆེན་ནང་སློབ་གྲྭ་རྒན་པའི་སློབ་ཕྲུག་རྣམས་ལ་ཨང་རྩིས་དང་ ཐད་ཀད་འབྲེལ་བའི་མཁས་པ་འདྲ་མིན་ཁག་གི་གསུང་བཤད་བརྙན་འཕྲིན་གྱི་ལམ་ནས་གོ་རྟོགས་སྤེལ་བ་ དང་དེ་བཞིན་སློབ་གྲྭ་ཆུང་བའི་སློབ་མ་རྣམས་ཨང་རྩིས་ཀྱི་འདྲི་བརྩད་འགྲན་སྡུར་དང་དེ་ག་ནང་བཞིན་ཨང་རྩིས་ཀྱི་རིག་རྩལ་ལམ་ནས་རི་མོའི་འགྲན་སྡུར་བྱས་པ། ཨང་རྩིས་སློབ་དགེ་རྣམས་ནས་འགོ་འཁྲིད་རྐང་ ལེན་གྱིས་སྡེ་ཚན་འདྲ་མིན་ཐོག་ནས་ཨང་རྩིས་ཀྱི་མགོ་རྙོག་རིག་རྩལ་ལམ་ནས་དོ་དབྱིངས་སླེབས་ཐབས་སུ་ལས་རིགས་སྣ་ཚོགས་སྤེལ་བ་དང་ཆབས་ཅིག་ལན་འདེབས་མྱུར་མགྱོགས་ཁག་ལ་གསོལ་རས་སམ་ རྔན་པ་གནང་བ་སོགས་ལས་འཛུལ་ཞུགས་གནང་མཁན་མང་དུ་ཕྱིན་པ་བཅས་ཀྱི་ཕན་འབྲས་བྱུང་བར་ མངོན།   དེ་ག་ནང་བཞིན་མཐའ་མ་དེར་སློབ་མ་རྣམས་ཨང་རྩིས་ཀྱི་རིག་རྩལ་རྒྱས་ཐབས་སུ་ཏམ་པུ་ལའི་ ལས་རིམ་གྱི་ལམ་ནས་ཨང་རྩིས་ལ་སློབ་མ་རྣམས་རྒྱུན་དུ་དོ་སྣང་དང་ལས་སླ་པོར་ངོས་འཛིན་ཡོང་ཐབས་ཀྱི་ལས་རིམ་སྣ་ཚོགས་ཤིག་དངོས་སུ་སྤེལ་བར་བརྟེན་སློབ་མ་ཀུན་ལ་ཕན་འབྲས་ཆེན་པོ་བྱུང་སོང་སྙམ།

བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ།
༄༅།། ༢༠༡༨ ལོའི་ཕྱི་ཟླ་ ཚེས་ ༢༠ རེས་གཟའ་ལྷག་པའི་ལྷག་དཀར་དང་སྟབས་བསྟུན་ཏེ་ཞོགས་ ཚོགས་སྐབས་སློབ་གྲྭ་ཆེ་ཆུང་གཉིས་ནས་འདུ་འཛོམས་སོ་སོར་ཚོགས་ཏེ་སློབ་གྲྭ་ཆེ་བའི་འཛིན་རིམ་ བདུན་པ་ནས་བཅུ་བ་བར་གྱི་སློབ་མ་སྐུ་ཚབ་གཉིས་རེ་ནས་བརྗོད་གཞི་འདྲ་མིན་ཐོག་རིགས་ལམ་གྱི་ལམ་ནས་ཚོགས་ལངས་དམ་བཅའ་གནང་བ་དང་དེ་བཞིན་ཆུང་བའི་བོད་ཀྱི་རྒྱལ་ཞེན་དང་༸གོང་ས་མཆོག་ལ་ བསྟོད་པའི་གླུ་དབྱངས་དཔེར་ན་ལྷག་དཀར་ཞེས་པ་ལྟ་བུའི་གླུ་གཞས་རོལ་དབྱངས་དང་བཅས་སློབ་མ་ ཡོངས་ནས་མགྲིན་དབྱངས་གཅིག་གིས་སྙན་འཇེབས་ལྡན་པའི་ཐོག་བཏང་གནང་བ། དེ་བཞིན་ཚོགས་ ཐེངས་དང་པོ་ནས་ཚོགས་ཐེངས་གསུམ་པ་བར་སློབ་གྲྭ་ཆུང་བའི་སྡེ་ཚན་ནས་བློ་གཏེར་ཚོམས་ཆེན་ནང་ འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་སྙན་ཚིག་དང་མཉམ་གཞས་གཟིགས་འབུལ་ཞུས་པ་དང་འཛིན་ རིམ་བཞི་པ་ནས་དྲུག་པ་བར་གྱི་གཏམ་བརྗོད་དང་གཏམ་གླེང་དེ་བཞིན་དགོད་བྲོའི་གཏམ་སོགས་བརྗོད་ གཞི་འདྲ་མིན་ཐོག་ནས་ལས་རིམ་སྤེལ་བ།
དེ་ག་ནང་བཞིན་སློབ་གྲྭ་ཆེ་བའི་སྡེ་ཚན་ནས་བློ་གཏེར་ཚོགས་ཁང་ནང་ཚོགས་ཐེངས་བཞི་པ་དང་ལྔ་པ་ གཉིས་འཛིན་རིམ་བདུན་པ་དང་བརྒྱད་པ་གཉིས་ཀྱི་སྐུ་ཚབ་སློབ་མ་གཉིས་རེ་ནས་བརྗོད་གཞི་ཁག་མི་འདྲ་བ་དྲུག་གི་ཐོག་སྡེ་ཚན་དྲུག་གི་དབར་དགོད་བྲོའི་གཏམ་གླེང་འགྲན་སྡུར་གནང་བ།  དེ་དང་ཕྱོགས་མཚུངས་ འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་བོད་ཀྱི་མཐུན་མིན་སྐད་ཡིག་ལ་དོ་དབྱིངས་སླེབས་ཐབས་ཁོ་ནར་དམིགས་ཏེ་སྙན་ངག་གྱེར་འདོན་དང་བོད་ཀྱི་དེང་དུས་ཀྱི་གླུ་གཞས་རྒྱལ་ཁབ་དང་མི་རིགས། རང་གི་རྩ་ བའི་བླ་མར་བསྟོད་པ་དེ་བཞིན་བརྩེ་གདུང་གི་གླུ་གཞས་དེང་རབས་ན་གཞོན་རྣམས་ཀྱིས་ཆེས་དགའ་མོས་ཆེན་པོ་བྱས་པའི་གླུ་གཞས་དང་རང་མོས་སྙན་ངག་ཁག་ཟུར་བཏོན་བྱས་ཏེ་སྦྱོང་བརྡར་དང་ལམ་སྟོན་གྱིས་ཐོག་ནས་གོ་སྐབས་ཐོབ་པ་ལྟར་སློབ་མང་པོ་ཞིག་ནས་དོ་དབྱིངས་དང་འབད་བརྩོན་ཆེན་པོས་ལམ་ནས་ འཛུལ་ཞུགས་བྱས་པ་ནང་བཞིན་མཐར་མང་ཚོགས་ཀྱི་མདུན་དུ་བློ་སྤོབས་དང་གདེང་ཚོད་ལྡན་པའི་ངང་ སྤྱན་འབུལ་ཞུས་ཐུབ་པ་བྱུང་སོང་། མདོར་ན་བོད་ཀྱི་ཉིན་མོ་ཞེས་གལ་ཆེ་དོན་ཆེན་ལ་གཟིགས་ཏེ་སྲུང་བརྩི་ཞུས་པ་བཞིན་ཐོག་མའི་དགོས་ དམིགས་ངེས་ཅན་ཞིག་བཞག་པ་ལྟར་ཁ་ཡོད་ལག་ཡོད་ཀྱི་སློབ་མ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕན་རླབས་ཆེན་པོ་ཞིག་བྱུང་ཡོད་པ་ནི་གོར་མ་ཆག སྤྱིར་བཏང་ལས་རིམ་འདིའི་རྒྱུད་ནས་ སློབ་མ་ཆེས་མང་པོ་ཞིག་ལ་རང་གི་རྒྱལ་ཁབ་དང་མི་རིགས། དེ་བཞིན་དེའི་མཐུན་མིན་སྐད་ཡིག་སོགས་ ལ་དོ་སྣང་ཆེ་རུ་འགྲོ་བ་དང་ཆབས་ཅིག་བོད་ཡིག་ལ་དབྱིངས་ཞུགས་ཏེ་དམིགས་བསལ་དོ་སྣང་ཆེན་པོའི་ ངང་ཡར་རྒྱས་ཡོང་ཐབས་སུ་ཐབས་བྱུས་སྣ་མང་བསྟེན་པ་སོགས་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཕྱོགས་ མཚམས་ཀུན་ནས་མངོན་སྟབས་མཇུག་འབྲས་དོན་ལྡན་དུ་བསྒྱུར་སྙམ་མོ།

བོད་ཡིག་གི་དག་ཆ་རྨོངས་གསལ།
༄༅།། ༢༠༡༨ ལོའི་ཕྱི་ཟླ་ པའི་ཚེས་ ༢༧ རེས་གཟའ་ལྷག་པའི་ལྷག་དཀར་དང་དངོས་སུ་སྟབས་བསྟུན་ཏེ་འཛིན་རིམ་དྲུག་པ་མན་ཆེད་ཀྱི་སློབ་མ་རྣམས་ལ་སྐད་ཡིག་གི་རྨང་གཞིའི་ནང་ནས་གཙོ་བོ་ཞིག་ནི་དག་ཆ་ཡིན་པར་བརྟེན་སློབ་མ་རྣམས་ལ་སྔོན་ཚུད་ནས་བོད་ཡིག་གི་རྒྱུན་གཏན་སྤྱི་ཚོགས་ཀྱི་འཚོ་བའི་ནང་དངོས་སུ་ལག་བསྟར་བྱས་དང་བྱེད་བཞིན་པའི་གལ་གནད་ཅན་གྱི་མིང་ཚིག་རྣམས་ཟུར་བཏོན་གྱིས་སློབ་མ་ཡོངས་ལ་བློ་འཛིན་དང་དོ་སྣང་ཆེན་པོའི་སྦྱོང་བརྡར་བྱ་རྒྱུའི་གོ་སྐབས་བཟང་པོ་བསྐྲུན་པ་ལྟར་གོང་ཚེས་ཉིན་ཚོགས་ཐེངས་སྐབས་འགྲན་སྡུར་བྱས་པ།  ཐོག་མའི་དགོས་དམིགས་ངེས་ཅན་ཞིག་དམིགས་བཀར་འཛིན་ནས་སློབ་མ་རྣམས་ཀྱི་བློ་ངོར་གསལ་བརྟན་ཞིག་ངེས་ཐབས་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་རྨང་གཞི་སྲ་བརྟན་ཡོང་ཐབས་སུ་གཙོ་བོ་མིག་འབྲས་ལྟར་གཙེགས་སུ་འཛིན་ནས་སྦྱོང་བརྡར་མཐིལ་ཕྱིན་བྱས་པ་ནང་བཞིན་ཁ་ཡོད་ལག་ཡོད་ཀྱི་དོན་འབྲས་ལྡན་པ་ཞིག་བྱུང་སོང་སྙམ་པའི་གཡོ་མེད་ཚོར་ཤུགས་དྲག་པོ་ཞིག་བསླེབས་སོང་པས་ཕན་རླབས་ཆེན་པོ་བྱུང་བ་གདོན་མི་ཟ།

སྒྲོལ་མ་མཚན་འདོན།
༄༅།། ༢༠༡༨ ཕྱི་ཟླ་ པའི་ཚེས་ ༣༠ རེས་གཟའ་སྤེན་པའི་ཉིན་སློབ་གྲྭའི་རིགས་གཞུང་ཚོགས་ཆུང་ནས་འགོ་ཁྲིད་ཞུས་ཏེ་དགོང་དྲོ་ཕྱག་ཚོད་བདུན་པ་ནས་འགོ་འཛུགས་ཀྱིས་སང་ཞོགས་ཕྱག་ཚོད་  པ་བར་དགེ་ལས་ཡོངས་དང་སློབ་མ་འཛིན་རིམ་དྲུག་པ་ནས་འཛིན་རིམ་བཅུ་པ་བར་སྡེ་ཚན་གསུམ་ལ་ཆ་བགོས་བྱས་ཏེ་སྤྱིར་སྐྱེས་འགྲོ་སྤྱི་དང་བྱེ་བྲག་ཏུ་གངས་ཅན་པ་རྣམས་ཀྱི་འཕྲལ་ཕུགས་རྒྱང་གསུམ་དུ་བགེགས་བར་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཡོངས་རྫོགས་འབད་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་ཚོགས་བསགས་སྒྲིབ་སྦྱངས་སོགས་ཀྱི་བསོད་ནམས་ཀྱི་ལས་ལ་འབད་རྒྱུའི་སྐལ་བཟང་གི་གོ་སྐབས་བཟང་པོ་ཐོབ་པ་བྱུང་ཡོད།  དེ་ཡང་སྡེ་ཚན་དང་པོ་དགོང་དྲོ་ཕྱག་ཚོད་ པ་ནས་ཕྱག་ཚོད་ ༡༢ བར་དང་། སྡེ་ཚན་གཉིས་པ་ཕྱག་ཚོད་ ༡༢ ནས་ཞོགས་པ་ཕྱག་ཚོད་  བར།  སྡེ་ཚན་གསུམ་པ་ཞོགས་པ་ཕྱག་ཚོད་ ནས་  བར་བཅས་སྡེ་ཚན་གསུམ་ལ་ཆ་བགོས་བྱས་པ་ལྟར་རང་རང་སོ་སོའི་བང་རིམ་གྱི་དུས་ཚོད་ལ་སྟངས་འཛིན་ནན་པོའི་ལམ་ནས་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་འཚང་ཁ་ཤིག་ཤིག་ངང་ལུས་སེམས་དགེ་ལ་རོལ་བཞིན་ལས་ལ་འཇུག་པ། དེ་ག་ནང་བཞིན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཙོ་བའི་ཚོགས་མི་རྣམས་ནས་ཀྱང་གསོལ་ཇ་བོད་ཇ་དང་མངར་མོ། ཆབ་མངར།  བཞེས་ཏོག  བཞེས་ལག  བཞེས་ཐུག ཞོགས་ཟས་སོགས་མདོར་ན་སྐབས་མཚམས་དུས་དང་བསྟུན་ཏེ་དགོས་མཁོ་ཇི་ཡོད་གྲ་སྒྲིག་འཐུས་གཙང་ཞུས་པ་ཙམ་དུ་མ་ཟད་ཕྱི་ཚུལ་ལའང་ཚོགས་བསགས་བསོད་ནམས་ཅན་དུ་མངོན་པས་དགའ་སྤོབས་སུ་གྱུར།

༸རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
༄༅ །། ༢༠༡༨ ཕྱི་ཟླ་ པའི་ཚེས་ ཉིན་ཞོགས་པ་ཕྱག་ཚོད་ པའི་ཐོག་དགེ་སློབ་རྣམས་བློ་གཏེར་ཚོམས་ཆེན་ནང་ཚང་འཛོམས་ཀྱིས་སྤྱིར་འགྲོ་བ་ཡོངས་དང་བྱེ་བྲག་ཏུ་གངས་ཅན་པ་རྣམས། ལྷག་པར་འགྲོ་བ་ཡོངས་ཀྱི་འདི་ཕྱི་ལམ་སྟོན་པ། གདོང་དམར་རྩམ་གཟན་པ་རྣམས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་བསང་གསོལ་ཟབ་རྒྱས་ཤིག་གནང་བ། དེ་ནས་ཕྱག་ཚོད་ པའི་ཐོག་སླར་དགེ་ལས་ཡོངས་དང་འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་རྣམས་བློ་གཏེར་ཚོམས་ཆེན་ནང་ཚང་
འཛོམས་ཐོག་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་མཆོག་སློབ་གྲྭའི་མཆོད་ཁང་ནས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་སློབ་གྲྭའི་རྒན་བདག་རྣམ་པ་བཅས་ཀྱིས་ཚོམས་ཆེན་དུ་གདན་འདྲེན་ཞུས་པ་དང་ཆབས་ཅིག་སློབ་སྤྱི་མཆོག་ནས་སྣང་གསལ་མར་མེ་ཞལ་ཕྱེས་གནང་སྟེ་དགེ་ལས་རྣམས་དང་སློབ་གྲྭའི་རྒན་བདག་བཅས་ནས་༸རྒྱལ་བའི་ཞབས་རྟེན་འུར་འདོན་དང་བཅས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་ཞུས།   དེ་ནས་སློབ་སྤྱི་མཆོག་ནས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་གནང་བ་དང་དེ་བཞིན་༸གོང་ས་མཆོག་གི་མཛད་རྣམ་རྒྱས་བསྡུས་འཚམས་པོ་ཞིག་གློག་ཀླད་རྒྱུད་བརྙན་པར་ལམ་ནས་གཟིགས་འབུལ་ཞུས། མཐའ་དོན་དེར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་རོལ་དབྱངས་དང་བཅས་འབུལ་ལམ་ཞུས་ཏེ་མཛད་རིམ་ལེགས་གྲུབ་ཟིན་པ།

རྒྱ་གར་རང་བཙན་གྱི་ཉིན་མོ་སྲུང་བརྩི་ཞུས་པ།
༄༅ །། ༢༠༡༨ ཕྱི་ཟླ་ པའི་ཚེས་ ༡༥ ཉིན་བཀྲིན་ཅན་གྱི་ཕ་ཡུལ་གཉིས་པ་ལྟ་བུའི་རྒྱ་གར་འཕགས་པའི་ཡུལ་འདི་ཨིན་ཇིའི་བཙན་འོག་ནས་མཐར་ཏེ་མི་ལོ་ཧྲིལ་པོ་ ༧༢ འཁོར་བའི་དུས་ཆེན་གྱི་ཉིན་ཞོགས་པ་ཕྱག་ཚོད་ པའི་ཐོག་སྐུ་མགྲོན་གྱི་གཙོ་བོ་ཅོན་ཏ་ར་ས་གནས་ཀྱི་ཡུལ་མིའི་སྡེ་དཔོན་པར་དྷན་གཙོ་བའི་རྒྱ་གར་གྱི་གནས་ཡོད་མི་སྣ་ཁག་ཅིག་བློ་གཏེར་ཚོམས་ཆེན་ནང་དངོས་སུ་གདན་འདྲེན་ཞུས་ཏེ་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་འཕྲལ་སློབ་གྲྭའི་ཧིན་དྷི་དགེ་ལགས་ནས་དུས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་། དེ་ནས་འཛིན་རིམ་དྲུག་པ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་མ་ཁག་ནས་ཧིན་དྷིའི་ཐོག་ནས་སྙན་ཚིག་མི་འདྲ་བ་ཁག་དགུ་བསྐྱོར་སྦྱང་བྱས་པ་དང་དེ་བཞིན་འཛིན་རིམ་དགུ་པའི་སློབ་མ་རྣམས་ནས་རྒྱལ་ཞེན་དང་འབྲེལ་བའི་གླུ་གཞས་ཁག་ཅིག་གཟིགས་འབུལ་ཞུས་པ་དང་ཆབས་ཅིག་དགེ་ལས་སློབ་ཕྲུག་རྣམས་ལ་གསོལ་ཇ་དང་མངར་ཟས་འདེགས་འབུལ་ཞུས། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་བའི་རྗེས་མཛད་རིམ་མཐའ་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་རོལ་དབྱངས་དང་བཅས་ཕུལ་ཏེ་མཛད་རིམ་རྣམས་ལེགས་གྲུབ་ཟིན།


ཚན་རིག་གི་ཉིན་མོ་སྲུང་བརྩི་ཞུས་པ།
༄༅ །། སྤྱིར་དེང་སང་དུས་རབས་ཉེར་ཅིག་པའི་ནང་འཛམ་གླིང་ནང་གི་འགྲོ་བ་མི་ལ་དགོས་མཁོ་ཆེ་ཤོས་དང་ཉིན་རེའི་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་ཞིག་ནི་ཕྱི་དངོས་ལ་བརྟེན་པའི་འཕྲུལ་ཆས་ཀྱི་དངོས་པོ་རྣམས་དང་ཁ་བྲལ་ཐབས་གཏན་ནས་མེད་པའི་གནས་སྟངས་ཤིག་ལ་ཆགས་སྟབས་རང་གཞན་རོགས་གསུམ་ཚང་མ་ཚན་རིག་གི་རིག་རྩལ་ལ་སྦྱངས་པ་དང་ཉམས་མྱོང་། ཐོས་བསམ་སྒོམ་པའི་གནས་ལ་གོ་རྟོགས་གང་ལེགས་ཤིག་ངེས་པར་དུ་དགོས་གལ་ལ་བརྟེན་རྒྱུན་གཏན་ནས་ཚན་རིག་གི་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་པ་ལྟར་འདི་ལོ་ཡང་། ༢༠༡༨ ཕྱི་ཟླ་ ཚེས་ ༢༠ རེས་གཟའ་ཟླ་བའི་ཉིན་ཞོགས་པ་སློབ་གྲྭ་ཆེ་ཆུང་གཉིས་ཀྱི་འདུ་འཛོམས་སྐབས་སོ་སོར་ལས་འགུལ་འདྲ་མིན་གོ་སྒྲིག་ཞུས་པ་ལས་སློབ་གྲྭ་རྒན་པར་ཚན་རིག་དགེ་ལགས་ཤིག་ནས་ཚན་རིག་ཞེས་པ་དེ་གལ་ཆེན་པོ་དང་གནད་ཁག་སོགས་ཡིན་པའི་སྐོར་ལ་གསུང་བཤད་གནང་བ་དང་། དེ་ནས་འཛིན་གྲྭ་ཁག་ཅིག་ནས་རིགས་ལམ་གྱི་ལམ་ནས་ཚན་རིག་གི་གནད་དོན་ལ་རྩོད་པ་དང་དེ་བཞིན་ཚན་རིག་གི་ཐབས་བྱུས་དང་རིག་རྩལ་སོགས་ཀྱི་སྐོར་ལ་བརྙན་ཐུང་ཁ་ཤས་གཟིགས་འབུལ་ཞུས་ཏེ་འདུ་འཛོམས་གྲོལ། དེ་ནས་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་འཛིན་གྲྭ་སོ་སོའི་སློབ་མ་ཁག་ནས་རིག་རྩལ་བེད་སྤྱོད་བྱས་ཏེ་ཐབས་བྱུས་འདྲ་མིན་ལམ་ནས་གསར་གཏོད་དང་དཔེ་གསར་སོགས་ཀྱི་རྒྱུད་ནས་འབུར་གཟུགས་སུ་བྱས་པའི་དཔེ་མཚོན་འདྲ་མིན་འགྲེམས་སྤེལ་བྱས་པ། འབུར་གཟུགས་སུ་བྱས་པའི་དངོས་ཆས་འགྲེམས་སྟོན་བྱས་པ་རྣམས་ཀྱི་གནད་དོན་དག་གསལ་བརྟན་ངེས་རྟོགས་ཡོང་སླད་སློབ་མ་ཡོངས་འཛིན་གྲྭ་བང་རིམ་བཞིན་རྟོགས་ཞིབ་དང་སྦྲགས་དཀའ་གནད་དང་། དེ་བཞིན་གལ་གནད་ཅན་གྱི་ནང་དོན་ཀུན་ལ་གོ་རྟོགས་སྤེལ་རེས་སོགས་ཀྱི་ཐབས་བྱུས་ལས་སྐབས་དོན་རྣམས་གསལ་བརྟན་རྟོགས་ཐུབ་པ་བྱུང་ཡོད།  དེ་ནས་ཉིན་རྒྱབ་རྗེས་ཚན་རིག་གི་གློག་བརྙན་གྲགས་ཆེན་ཞིག་གཟིགས་འབུལ་ཞུས་ཏེ་ཉིན་དེའི་ཚན་རིག་གི་ལས་འཆར་མཇུག་བསྒྲིལ་གནང་བ་དང་དེ་བཞིན་ཉིན་དེའི་ལས་རིམ་ཡོངས་རྫོགས་སློབ་མ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་རླབས་ཆེན་པོ་བྱུང་ཡོད་པ་ནི་གདོན་མི་ཟ་བའི་གནས་སུ་གྱུར།

རུ་ཁག་འདྲ་མིན་གྱི་དབར་རྐང་རྩེད་པོ་ལོའི་འགྲན་སྡུར་གནང་བ
༄༅ །། རྐང་རྩེད་པོ་ལོ་ཞེས་པའི་རྩེད་འགྲན་འདི་ནི་སྤྱིར་འཛམ་གླིང་ཡོངས་དང་བྱེ་བྲག་ཏུ་ནུབ་ཕྱོགས་པའི་ནང་སྐྱེ་བོ་རྒན་གཞོན་བར་གསུམ་དང་ཕོ་མོ་སོགས་དབྱེར་མེད་ཀྱི་ཐོག་ནས་དོ་དབྱིངས་ཆེ་ལ་གཡོ་ཐབས་མེད་པའི་དགའ་ཞེན་ཅན་གྱི་རྩེད་རིགས་དམིགས་བསལ་བ་ཞིག་ཡིན་པ་ནང་བཞིན་རང་རེ་གངས་ཅན་པའི་སྤྱི་ཚོགས་ནང་ལའང་ཕོ་མོ་དང་སྐྱ་སེར་རྒན་གཞོན་བར་གསུམ་ནས་དགའ་ཞེན་ཆེན་པོ་དང་དོ་སྣང་ཆེན་པོའི་ལམ་ནས་འཛུལ་ཞུགས་བྱེད་སྲོལ་ཡོད་པ་ནི་ཚང་མས་མཐོང་ཆོས་སུ་གྱུར། ལྷག་པར་དུ་བོད་ཁྱིམ་ཅོན་ཏ་རའི་སློབ་ཕྲུག་པའི་ནང་སློབ་གྲྭ་གཞན་དང་རྩ་བ་ནས་མི་འདྲ་བ་ཞིག་ལ་དམིགས་བསལ་དོ་སྣང་དང་དབྱིངས། དེ་བཞིན་རྒྱུན་གཏན་ནས་སློབ་མ་ཕོ་མོ་ཁྱད་མེད་ཐོག་འཛུལ་ཞུགས་བྱ་རྒྱུར་ཐེ་ཚོམ་མེད་པའི་ཚོར་ཤུགས་འབུར་ཐོན་ཞིག་མངོན་གསལ་དོད་པོའི་ངང་ཀུན་གྱིས་མངོན་ཐུབ།  བྱས་ཙང་འདི་ལོ་བུ་དང་བོུའི་རུ་ཁག་ ༤༡ དབར་ཕྱི་ཟླ་ པའི་ཚེས་ ནས་ཚེས་ ༢༩   བར་ཉིན་གྲངས་ ༢༤ ཙམ་རིང་འགྲན་སྡུར་གནང་བ། དེ་ཡང་བུའི་རུ་ཁག་ ༢༥ ལས་བུ་རྒན་པའི་རུ་ཁག་ ༡༣ དང་བུ་ཆུང་བའི་རུ་ཁག་ ༡༢ དེ་བཞིན་བོུའི་རུ་ཁག་ ༡༦ ལས་བོུ་རྒན་པའི་རུ་ཁག་ དང་བོུ་ཆུང་བའི་རུ་ཁག་ བཅས་ཡོད། དེ་དག་ལས་མཐའ་མའི་རྩེད་འགྲན་གྱིས་མཇུག་འབྲས་ལས་ཨང་རིམ་དང་པོ་སོན་པའི་སྡེ་ཚན་སོ་སོའི་རུ་ཁག་གི་མིང་ནི།
༡༽ བུ་རྒན་པ།                   དྭངས་མ་རུ་ཁག
༢༽ བུ་ཆུང་བ།                   གངས་དཀར་རུ་ཁག
༣༽ བོུ་རྒན་པ།                  སྐུ་འབུམ་རུ་ཁག
༤༽ བོུ་ཆུང་བ།                  གངས་དཀར་རུ་ཁག


མང་གཙོའི་ཉིན་མོ་སྲུང་བརྩི་ཞུས་པ།
༄༅ །། སྤྱིར་བཏང་འཛམ་བུ་གླིང་གི་ནང་འགྲོ་བ་སེམས་ཅན་ཡོངས་ཀྱི་ལུས་སེམས་ཟུང་ལ་བདེ་སྐྱིད་ཡང་དག་པ་ཞིག་དགོས་པ་ཙམ་དུ་མ་ཟད་སྡུག་བསྔལ་མི་འདོད་པ་དང་བདེ་བ་ཤ་སྟག་འདོད་པ་ནི་གཞི་རྩའི་ཐོབ་ཐང་ཡིན་པ་གདོན་མི་ཟ།  ལྷག་པར་དུ་འགྲོ་བ་མིའིགཞི་རྩའི་ཐོབ་ཐང་ནི་རང་དབང་། དྲན་བདེན། ཞི་བདེ།  ཀུན་སྙོམས་བཅས་ནི་མེད་ན་མི་རུང་བའི་ཐོབ་ཐང་གལ་གནད་ཅན་ཞིག་ཡིན་པ་ནི་བརྗོད་ག་ལ་དགོས། བྱས་ཅང་འོ་ཅག་གངས་ཅན་པ་རྣམས་ཀྱི་མང་གཙོའི་ཐོབ་དབང་ནི་མི་དམངས་ནསརང་སྲོག་བློས་བཏང་མི་དགོས་པར་༸རྒྱལ་བ་དོན་གྱི་བདག་པོས་མར་གསོལ་རེས་བཀྲིན་སྩལ་གནང་བའི་མང་གཙོ་ཡང་དག་པའི་ལམ་ལུགས་ཁྱད་པར་བ་ཞིག་ཡིན་པ་བློ་གཟུ་བོར་གནས་པའི་སྐྱེ་བོ་ཀུན་གྱིས་ཤེས་གསལ་དུ་གྱུར་ཡོད། དེ་འདྲ་སོང་ཙང་ཕྱི་ལོ་ ༢༠༡༨ ཟླ་བ་ ཚེས་ ཉིན་དགེ་ལས་སློབ་ཕྲུག་རྣམས་བློ་གཏེར་ཚོམས་ཆེན་ནང་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་། མཛད་སྒོའི་ཐོག་མར་བོད་དགེ་ལྷག་པ་ཚེ་རིང་ལགས་ནས་སྤྱི་འཐུས་ལྷན་ཁང་གི་གསུང་འཕྲིན་ལྗགས་ཀློག་གནང་། སློབ་གྲྭའི་བོུའི་སྤྱི་ཁྱབ་རྒན་བདག་ལྷག་པ་སྒྲོལ་མ་ལགས་ནས་དུས་ཆེན་ངོ་སྤྲོད་ཀྱི་གཏམ་བཤད་གནང་། དེ་བཞིན་སློབ་གྲྭའི་སློབ་སྤྱི་མཆོག་ནས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་དང་སྦྲགས་མང་གཙོའི་འཕེལ་རིམ་དང་འབྱུང་རིམ་སོགས་ཀྱི་སྐོར་བརྙན་ཐུང་ཞིག་མང་ཚོགས་ལ་གཟིགས་འབུལ་ཞུས། དེ་ནས་འཛིན་རིམ་བཞི་པ་དང་ལྔ་པ་གཉིས་ཀྱི་སློབ་་ཁག་ནས་མཐུན་མིན་བོད་ཀྱི་སྲོལ་རྒྱུན་རིགས་གནས་ཀྱི་ནང་གསེས་ལས་སྒོར་ཁག་གསུམ་དང་འཁྲབ་གཞས་ཁག་གསུམ་བཅས་གཟིགས་འབུལ་ཞུས་རྗེས་དགེ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།


ལས་བྱེད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ།

༄༅ །། སྤྱིར་བཏང་ཕྱི་ཟླ་ ༩ ཚེས་ ༢ ཉིན་རྒྱ་གར་གཙོ་བའི་རྒྱལ་ཁབ་མང་པོ་ཞིག་གི་ནང་དགེ་རྒན་གྱི་ཉིན་མོར་སྲུང་བརྩི་ཞུས་ཀྱང་རང་རེ་བོད་ཁྱིམ་གྱི་སློབ་གྲྭ་ཁག་ནང་ལས་བྱེད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར་འདི་ལོ་ཕྱི་ལོ་ ༢༠༡༨ ཕྱི་ཟླ་    ཚེས་  ༢ ཉིན་ཞོགས་པ་ཕྱག་ཚོད་ ༨་༣༠ ནས་སྣེ་ལེན་ཟབ་རྒྱས་དང་སྦྲགས་དགའ་བསུའི་གླུ་དབྱངས་དང་བཅས་ཚོམས་ཆེན་ནང་དགེ་ལས་རྣམས་གདན་འདྲེན་ཞུས་ཏེ་མཛད་སྒོ་དབུ་འཛུགས་གནང་།  ཐོག་མར་དགེ་ལས་ཡོངས་ལ་འབྲས་བསིལ་དང་གསོལ་ཇ་འདེབས་འབུལ་ཞུས་པ་དང་ཆབས་ཅིག་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ནས་དགའ་བསུའི་འཚམས་འདྲི་ཞུས་ཏེ་མཛད་སྒོ་དངོས་གཞི་འགོ་འཛུགས་གནང་། ཁྱིམ་ཚང་དང་སྡོད་ཁང་ཁག་གི་སློབ་ཕྲུག་རྣམས་ནས་གྲ་སྒྲིག་གནང་བའི་གཞས་སྣ་འདྲ་མིན་ཁག་བཅུ་ལྷག་གཟིགས་འབུལ་ཞུས་པ། དེ་ནས་ཆབ་མངར་དང་བཞེས་ཏོག་བཅས་འདེབས་འབུལ་གྱིས་དགེ་ལས་རྣམས་སྡེ་ཚན་བཞི་ལ་ཆ་བགོས་གནང་སྟེ་རྩེད་རིགས་ཁག་མང་པོ་ཞིག་སྡེ་ཚན་དབར་འགྲན་སྡུར་གྱིས་ཨང་རིམ་སོན་པ་རྣམས་བྱ་དགའ་གསོལ་རས་གནང་བ།  དེ་བཞིན་དགོང་དྲོ་ཕྱག་ཚོད་ ༥་༣༠ ནས་ ༨་༣༠ བར་གཞས་སྣ་ཁག་མི་འདྲ་བ་ཉི་ཤུ་ལྷག་གཟིགས་འབུལ་ཞུས་ཏེ་དགེ་ལས་རྣམས་དགའ་སྤྲོ་འཁོལ་བཞིན་ངང་དགའ་སྐྱིད་ལྡན་པའི་གནས་ལ་རབ་ཏུ་རོལ་ལོ།  དེ་བཞིན་སྔ་དགོང་གཉིས་ཀྱི་བཞེས་ལག་ཀུན་རོ་བཅུད་ལྡན་ལ་ཞིམ་མངར་ཅན་གྱི་ཁ་ཟས་སོགས་ལ་ལོངས་སུ་སྤྱོད་དེ་དགེ་ལས་སློབ་ཕྲུག་དབར་གྱི་བཅོས་མིན་བརྩེ་གདུང་གི་རང་མདངས་རབ་ཏུ་འཕྲོས།

བོད་སྐད་ཀྱི་བགྲོ་གླེང་འགྲན་སྡུར།

༄༅ །། ཤེས་ཡོན་གྱི་བསྟི་གནས་ཁང་ཅིག་གི་ནང་འབྲི་ཀློག་གཉིས་ཀྱི་ཤེས་ཡོན་ཙམ་ལ་ཡིད་འཚིམས་ནས་བསྡད་པ་ཡིན་ན་སློབ་མའི་རྣམ་དཔྱོད་ཀྱི་སྒོ་མོ་ཡང་དག་པ་ཞིག་རྒྱས་ཐབས་གཏན་ནས་བྲལ་བས་རྒྱུན་གཏན་དུ་སློབ་གྲྭའི་ནང་ཤེས་ཡོན་གྱི་ཁོར་ཡུག་འདྲ་མིན་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་བསྐྲུན་དགོས་པ་ནི་གལ་ཆེ་དོན་ཆེ་ཞིག་ལ་བརྩིས་དགོས་པ་ཡིན། བྱས་ཙང་འདི་ལོ་ ༢༠༡༨ ཕྱི་ཟླ་  ༩ ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་བློ་གཏེར་ཚོམས་ཆེན་ནང་འཛིན་རིམ་བདུན་པ་ནས་བཅུ་པ་བར་གྱི་སློབ་མ་རྣམས་དང་འབྲེལ་ཡོད་དགེ་ལས་བཅས་ཚང་འཛོམས་ཀྱིས་འཛིན་རིམ་བཅུ་པ་དང་འཛིན་རིམ་དགུ་པ་གཉིས་ཀྱི་དབར་ཕྱི་དངོས་པོའི་ཡར་རྒྱས་ལས་ནང་སེམས་ཀྱི་བདེ་སྐྱིད་གལ་ཆེ་ཞེས་པའི་བརྗོད་གཞིའི་ཐོག་ཕན་ཚུན་དབར་སྣང་བ་རྣམ་རྟོགས་དང་ཐེ་ཚོམ་སོགས་གཏན་ནས་མེད་པར་རང་བློར་གང་འཆར་བ་རྣམས་མང་ཚོགས་ཀྱི་མདུན་སར་གཏམ་བཤད་ཚུལ་བཞིན་གནང་བ་དང་དེ་བཞིན་སློབ་ཕྲུག་མང་ཚོགས་ལའང་སྐབས་བསྟུན་གནད་དོན་གྱི་ཐོག་གོ་རྟོགས་གསར་པ་དང་བསམ་ཚུལ་གསར་པ་སོགས་ཀྱི་ས་བོན་བསྐྲུན་ཐུབ་པ་བྱུང་ཡོད།  ལྷག་པར་དུ་འཛུལ་ཞུགས་གནང་མཁན་གྱི་སློབ་མ་རྣམས་ལ་ཉམས་མྱོང་གསར་པ་ཞིག་དང་གོ་སྐབས་གསར་པ་ཞིག་ལ་བརྟེན་ནས་མི་ཚེའི་མདུན་ལམ་ལ་དངོས་སུ་ཕན་རླབས་ཆེན་པོ་བྱུང་ཡོད་པ་ནི་གོར་མ་ཆག  མཐའ་མའི་མཇུག་འབྲས་སུ་འཛིན་རིམ་དགུ་བཅུ་གཉིས་ལས་འདི་ལོའི་ཨང་རིམ་དང་པོ་སོན་པ་ནི་འཛིན་རིམ་་་་་་་སྡེ་ཚན་ལ་ཐོབ་ཡོད། དེ་བཞིན་སྒྲུབ་ཕྱོགས་ཀྱི་ཨང་དང་པོ་སོན་པ་སློབ་མ་  ་་་་་་་་ལགས་དང་དགག་ཕྱོགས་ནང་ནས་ཨང་དང་པོ་སོན་པ་སློབ་མ་  ལགས་ཡིན།  མདོར་ན་བགྲོ་གླེང་འདི་ལས་སློབ་མ་རྣམས་ལ་ཕན་རླབས་ཆེན་པོ་ཞིག་དང་གོ་རྟོགས་གསར་པ་ཞིག་བྱུང་བར་མངོན་ནོ།


འཛིན་རིམ་དགུ་པའི་ཨིན་ཇིའི་ཐད་བརྗོད་གཏམ་བཤད་འགྲན་སྡུར།
༄༅  །། ཤེས་ཡོན་གྱི་ཁོར་ཡུག་ནང་སློབ་མའི་ནང་སེམས་ཀྱི་ནུས་ཤུགས་རབ་ཏུ་རྒྱས་ཐབས་སུ་ཐབས་བརྒྱ་བྱུས་སྟོང་ལམ་ནས་རྒྱུན་གཏན་དུ་ཉིན་རེའི་བྱ་བཞག་ནང་ལས་འཆར་དང་ལས་རིགས་འདྲ་མིན་སྣ་མང་ཞིག་ཁ་ཡོད་ལག་ཡོད་ཐོག་དངོས་སུ་ལག་བསྟར་བྱ་དགོས་པ་ཡིན་ཕྱི་ཟླ་ ༩ པའི་ཚེས་ ༡༤ རེས་གཟའ་པ་སངས་ཉིན་དགོང་དྲོ་ཕྱག་ཚོད་ ༧ པའི་ཐོག་བློ་གཏེར་ཚོམས་ཆེན་ནང་དགེ་ལས་སློབ་ཕྲུག་རྣམས་ཚང་འཛོམས་ཀྱིས་འཛིན་རིམ་དགུ་པ་ནང་ཁུལ་གྱི་ཨིན་སྐད་ཐོག་ཐད་བརྗོད་གཏམ་བཤད་ཀྱི་འགྲན་སྡུར་མཐིལ་ཕྱིན་བྱས་རྗེས་མཐའ་མའི་འགྲན་རྩོད་པ་སློབ་མ་གྲངས་ ༡༢ ཡོད་པའི་ནང་ནས་འཛིན་རིམ་དགུ་པའི་སློབ་མ་དབྱངས་འཛོམས་མཚོ་མོ་དང་བློ་བཟང་རྒྱལ་པོ་གཉིས་ཨང་རིམ་དང་པོ་སོན་པ་བཅས་ལས་རིམ་ལེགས་གྲུབ་ཟིན། མདོར་ན་སྐབས་དེར་སློབ་མ་མང་པོ་ཞིག་ཡོད་པའི་ནང་ནས་དོ་སྣང་ཆེས་ཞན་རིགས་ཁག་འགའ་ཤས་མ་གཏོགས་སྤྱི་ཡོངས་ཀྱི་ཆ་ནས་ལས་རིམ་དེ་དག་ལས་སློབ་མར་ཁ་ཡོད་ལག་ཡོད་ཕན་རླབས་ཆེན་པོ་ཞིག་བྱུང་བའི་ཚོར་སྣང་ཤུགས་ཆེན་ཞིག་སླེབས་སོང་། བྱས་ཙང་དོན་འབྲས་ལྡན་པ་ཞིག་ཏུ་གྱུར།


འཛིན་གྲྭ་བཞི་པ་ནས་དྲུག་པ་བར་གྱི་དག་ཆ་རྨོངས་སེལ་འགྲན་སྡུར།
༄༅  །། ༢༠༡༨ ཕྱི་ཟླ་  ༩ པའི་ཚེས་ ༢༥ རེས་གཟའ་མིག་དམར་ཉིན་རྒྱབ་ཕྱག་ཚོད་ ༢་༣༠ པའི་ཐོག་བློ་གཏེར་ཚོམས་ཆེན་ནང་དགེ་ལས་སློབ་ཕྲུག་རྣམས་ཚང་འཛོམས་ཐོག་འཛིན་རིམ་བཞི་པ་ནས་འཛིན་རིམ་དྲུག་བར་གྱི་ཨིན་ཇིའི་དག་ཆ་རྨོངས་སེལ་གྱི་འགྲན་སྡུར་ནང་ཞུགས་པ་ནང་བཞིན་དགེ་ལས་རྣམས་ཀྱི་མངོན་འདོད་དམ་སེམས་ནང་གི་འཆར་སྣང་ཇི་བཞིན་ཁ་གསལ་དོད་པོའི་ལམ་ནས་སློབ་མར་སེམས་ཤུགས་འཕར་མ་ཞིག་དང་བསམ་བློ་གསར་པ་ཞིག་རྒྱུད་ལ་སྨིན་པར་གདོན་མི་ཟ། དག་ཆ་རྨོངས་སེལ་ལ་སོགས་པའི་ལས་འགུལ་འདིའི་རིགས་ནི་སྐད་ཡིག་གི་རྨང་གཞི་སྲ་བརྟན་དང་གང་བརྗོད་པའི་གནད་དོན་རྣམས་འཁྲུལ་བ་མེད་པར་ཁ་གསལ་གོ་བདེའི་ལམ་ནས་བློ་ངོར་གསལ་བརྟན་རྟོགས་པར་ཐེ་ཚོམ་མེད། བྱས་ཙང་ལས་རིམ་འདི་ཉིད་སྐབས་སུ་བབ་པའི་སློབ་མ་དག་ལ་དངོས་ཤུགས་རྒྱུད་གསུམ་ནས་ཕན་རླབས་ཆེན་པོ་བྱུང་བ། དེ་ཡང་འཛིན་གྲྭ་སྡེ་ཚན་རེ་ནས་སློབ་མ་གྲངས་ལྔ་རེ་བྱས་ཏེ་ཁྱོན་སྡོམ་སློབ་མ་གྲངས་ ༤༥ ཐམ་པའི་དབར་འགྲན་སྡུར་བྱས་པའི་བྱེད་སྒོའི་ལས་རིམ་ནང་སྐོར་ཐེངས་གསུམ་གྱི་ལམ་ནས་འགྲན་རྩོད་བྱས་པ་ལས་སྐོར་ཐེངས་དང་པོ་ལས་སླ་བའི་མིང་ཚིག  སྐོར་ཐེངས་གཉིས་པར་ཕྲན་བུ་དཀའབའི་མིང་ཚིག་འབྲིང་། སྐོར་ཐེངས་གསུམ་པར་ཐ་སྙད་མཁྲེགས་པའི་མིང་ཚིག དེ་ནས་མཐའ་མ་དེར་སློབ་མ་དྲག་གྲས་འགའ་ལྷག་པ་རྣམས་ལ་མིང་ཚིག་ཡོངས་གྲགས་མིན་པའི་ཆེས་མཁྲེགས་པའི་ཐ་སྙད་བཅས་ལ་འགྲན་སྡུར་མཐིལ་ཕྱིན་བྱས་མཐར་སློབ་མ་རྩེ་ཕུད་ཀྱི་བྱ་དགའ་གསོལ་རས་ཨང་དང་པོ་དེ་འཛིན་རིམ་དྲུག་པའི་སློབ་མ་ཤེས་རབ་ཤར་པ་ལགས་ལ་ཐོབ་པ།


ཨིན་ཇིའི་ཉིན་མོ་སྲུང་བརྩི་ཞུས་པ།
༄༅  །། ༢༠༡༨ ཕྱི་ཟླ་ ༩ ཚེས་ ༢༨ རེས་གཟའ་པ་སངས་ཀྱི་ཉིན་ཞོགས་པ་འདུ་འཛོམས་སྐབས་སློབ་གྲྭ་ཆེ་ཆུང་གཉིས་ཀའི་དགེ་སློབ་རྣམས་སློབ་གྲྭའི་རྩེད་ཐང་དུ་ཚང་འཛོམས་ཐོག་ཨིན་ཇིའི་སྐད་ཡིག་དང་འབྲེལ་བའི་མཉམ་གཞས་ཤིག་སློབ་མ་ཡོངས་ནས་སྙན་འཇེབས་ལྡན་པའི་ངང་བཏང་གནང་བ། དེ་བཞིན་ཚོགས་ཐེངས་དང་པོ་དང་གཉིས་པ་བཅས་ལ་དང་ཐོག་དེར་འཛིན་རིམ་བཞི་པ་ཡན་གྱི་སློབ་ཕྲུག་དང་དགེ་ལས་རྣམས་བློ་གཏེར་ཚོམས་ཆེན་ནང་ཚང་འཛོམས་ཀྱིས་སློབ་ཕྲུག་སྡེ་ཁག་གཅིག་ནས་དེབ་རིགས་འདྲ་མིན་བཀླགས་པའི་ཕན་རླབས་དང་ཀློག་སྟངས་བཅས་ལས་དེབ་རིགས་བཀླག་རྒྱུར་སྤྲོ་སྣང་འཕེལ་སྟབས་ཀྱི་སྐོར་འགྲེལ་བརྗོད་བྱས་རྗེས་སློབ་གྲྭ་ཆེ་ཆུང་སོ་སོའི་སི་པོལ་རྩེད་ཐང་སྟེང་དེབ་རིགས་ཁྲོམ་འདུ་ཞིག་འགྲེམས་སྤེལ་བྱས་པ། དེ་ནས་ཚོགས་ཐེངས་གསུམ་པ་ནས་ལྔ་པ་བར་དགེ་སློབ་ཡོངས་བློ་གཏེར་ཚོམས་ཆེན་ནང་སླར་འདུ་འཛོམས་ཀྱིས་སྣ་མང་རིག་རྩལ་གྱི་འཁྲབ་སྟོན་ཞུས་པ། དེ་བཞིན་ཉིན་རྒྱབ་ཚོགས་ཐེངས་ལྔ་པ་དང་དྲུག་པ་གཉིས་ལ་དགེ་སློབ་རྣམས་བློ་གཏེར་ཚོམས་ཆེན་ནང་དུ་སློབ་ཕྲུག་ཆུང་བའི་སྙན་རྩོམ་ཐུང་ངུ་སོགས་ཀྱི་ལམ་ནས་འབུལ་ལམ་ཞུས་པ་དང་ལྷག་པར་དུ་དགོང་དྲོ་རང་སྦྱོང་གི་དུས་ཚོད་པྱག་ཚོད་ ༧ པའི་ཐོག་དགེ་ལས་སློབ་ཕྲུག་ཡོངས་རྫོགས་བློ་གཏེར་ཚོམས་ཆེན་ནང་ཚང་འཛོམས་གནང་སྟེ་ཨིན་ཇིའི་ལོ་འཁོར་གཏམ་བརྗོད་འཁྲབ་སྟོན་ཞུས་ཏེ་ཨིན་ཇིའི་ཉིན་མོའི་ལས་རིམ་རྣམས་ལེགས་གྲུབ་བྱུང་བ།

མི་བོ་དམ་པ་གྷནྡྷིའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
༄༅  །། ཕྱི་ལོ། ༢༠༡༨ ཕྱི་ཟླ་ ༡༠ ཚེས ཞོགས་པ་ཕྱག་ཚོད་ པའི་ཐོག་འཛིན་རིམ་བཞི་པ་ཡན་གྱི་སློབ་ཕྲུག་དང་དགེ་ལས་རྣམས་བློ་གཏེར་ཚོམས་ཆེན་ནང་ཚང་འཛོམས་ཀྱིས་སྤྱི་ཚོགས་ཚན་རིགས་ཀྱི་སྡེ་ཚན་ནས་གྲ་སྒྲིག་ཞུས་ཏེ་མི་བོ་དམ་པ་གྷན་རྡིའི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་དང་ལྷག་པར་དམ་པ་དེ་ཉིད་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་མཛད་རྗེས་རླབས་པོ་ཆེ་མང་པོ་ཞིག་གནང་ཡོད་པའི་ནང་ནས་གལ་གནད་ཅན་གྱི་ལས་འགུལ་ཁག་འགའ་ཤས་སྐོར་དགེ་སློབ་ཡོངས་ལ་བརྙན་ཐུང་གི་ལམ་ནས་གཟིགས་འབུལ་ཞུས་པ། དེ་ནས་དགེ་ལས་སློབ་ཕྲུག་རྣམས་ཆ་བགོས་ཀྱིས་སློབ་གྲྭའི་མཐའ་སྐོར་དང་ལྷག་པར་རྒྱ་གར་གྱི་ཁྲོམ་གཞུང་དང་དེ་བཞིན་རྒྱ་ལམ་བཅས་ལ་ཁོར་ཡུག་གཙང་བཟོའི་ལས་འགུལ་གཞི་བརྒྱ་ཆེན་པོ་ཞིག་སྤེལ་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས་བཀྲིན་རྗེས་དྲན་མཚོན་ཆེད་དུ་ཆུ་ཚོད་གཉིས་ལྷག་གཙང་བཟོའི་ལས་འགུལ་ཞིག་འགོ་སྒྲིག་ཕྱག་བསྟར་ཞུས་པ་ལྟར་དགེ་སློབ་ཡོངས་ནས་དགའ་སྤྲོའི་ཚོར་ཤུགས་དྲག་པོའི་ངང་ལྷག་བསམ་རྣམ་དག་ཐོག་འཛུལ་ཞུགས་འཐུས་གཙང་ཞུས་པ།

བོད་སྐད་ཐོག་སྙན་ཚིག་འགྲན་བསྡུར་ཞུས་པ།
༄༅  །། བོད་ཀྱི་སྐད་ཡིག་ལ་རང་དབང་མེད་པར་དོ་སྣང་དང་དབྱིངས་གཡོ་བ་མེད་པ་ཞིག་རང་ཤུགས་ཀྱིས་སེམས་བརྒྱུད་ལ་སླེབས་པར་ཐབས་བྱུས་དང་ལམ་སྟོན་བསླབ་བྱ་སོགས་རྒྱུན་དུ་ཐབས་བརྒྱ་བྱུས་སྟོང་ལམ་ནས་དངོས་སུ་ལག་བསྟར་བྱས་དང་བྱེད་བཞིན་པའི་ནང་ནས་བྱེད་སྒོ་གལ་གནད་ཅན་ཞིག་ནི་གླུ་གཞས་དང་སྙན་ཚིག་བཅས་ཀྱི་ཐོག་ནས་རང་གི་སྐད་ཡིག་ལ་དོ་སྣང་ཆེན་པོའི་ངང་ཡར་རྒྱས་འགྲོ་བའི་གནས་སྟངས་དང་གནས་ལུགས་མང་པོ་བྱུང་བ་བཞིན་འདི་ལོ་ཕྱི་ཟླ་  ༡༠ ཚེས་    རེས་གཟའ་ལྷག་པའི་ཉིན་ཚོགས་ཐེངས་དྲུག་པའི་སྐབས་འཛིན་རིམ་དང་པོ་ནས་འཛིན་རིམ་དྲུག་པ་བར་གྱི་སློབ་མ་ཡོངས་དང་འབྲེལ་ཡོད་དགེ་ལས་རྣམས་བློ་གཏེར་ཚོམས་ཆེན་ནང་ཚང་འཛོམས་ཀྱིས་འཛིན་གྲྭ་སོ་སོའི་སྙན་ཚིག་རྣམས་བང་རིམ་ཇི་བཞིན་གདེང་སྤོབས་ཆེན་པོའི་ཐོག་ནས་སྙན་འཇེབས་ལྡན་ལ་སྒྲ་དབྱངས་སྙོམས་ཤིང་ཀུན་གྱིས་ཡིད་དབང་འཕྲོག་པ།  ལྷག་པར་སློབ་མ་མང་ཚོགས་ནས་ཀྱང་དགའ་མོས་ཆེན་པོ་དང་ཚོར་ཤུགས་ཆེན་པོ་བྱུང་བས་རྒྱུད་ལམ་དེ་ནས་མ་འོངས་པར་རང་གི་མཐུན་མིན་སྐད་ཡིག་ལ་སེམས་འགུལ་ཆེན་པོ་ཐེབས་པ་ནི་གདོན་མི་ཟ་སྙམ། 


ཁང་ཚན་ནང་ཁུལ་གྱི་རྒྱུག་མཆོང་འཕེན་གསུམ།
༄༅ །།  སྤྱིར་སློབ་གྲྭའི་ཁོར་ཡུག་ཞིག་གི་ནང་མིག་འབྲས་ལྟར་རབ་ཏུ་འཛིན་དགོས་པ་ནི་ནང་སེམས་ཀྱི་ཤེས་ཡོན་ཡར་རྒྱས་ཙམ་དུ་མིན་པར་ཕྱི་ལུས་ཀྱི་ཚར་ལོངས་ཡང་གལ་གནད་ཅན་ཞིག་ལ་ངོས་འཛིན་བྱས་ཏེ་ལུས་སེམས་ཟུང་དུ་འབྲེལ་བའི་ཐོག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕན་ནུས་ངེས་ཅན་ཞིག་ཡོང་ཐབས་སུ་འབྲེལ་ཡོད་སློབ་ཁག་སོ་སོའི་ནང་ལས་རིགས་འདྲ་མིན་སྤེལ་དགོས་པ་ལྟར་བོད་ཁྱིམ་ཅོན་ཏ་རའི་ནང་རྒྱུན་དུ་སློབ་མའི་ཤེས་ཡོན་དང་འབྲེལ་བའི་ལས་རིགས་འདྲ་མིན་སྤེལ་དང་སྤེལ་བཞིན་ཡོད་པའི་ནས་ནས་ ༢༠༡༨ ཕྱི་ཟླ་  ༡༠ ཚེས་ ༡༡ དང་  ༡༣ བཅས་ཉིན་གྲངས་གཉིས་ཀྱི་རིང་ཁང་ཚན་ནང་ཁུལ་གྱི་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་བཅུ་བཞི་པ་དེ་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ། དེ་ཡང་ཉིན་མཐའ་མའི་སྐབས་སློབ་གྲྭའི་རྩེད་ཐང་སྟེང་ཞོགས་པ་ཕྱག་ཚོད་  ༩ པའི་ཐོག་སྐུ་མགྲོན་གྱི་གཙོ་བོར་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་སྐུ་ངོ་ཀརྨ་སེང་གེ་མཆོག་གཙོ་བའི་སྐུ་མགྲོན་རྣམ་པ་དང་། སློབ་གུའི་ཕ་མ་རྣམ་པ།  དེ་བཞིན་དགེ་ལས་སློབ་ཕྲུག་རྣམས་ཚང་འཛོམས་ཐོག་ཉིན་དེའི་ལས་རིམ་ཀྱི་ཐོག་མ་ཁང་ཚན་ནང་ཁུལ་གྱི་རུ་སྒྲིག་གོམ་བགྲོད་དབུ་འཛུགས་ཞུས་ཏེ་བང་རིམ་བཞིན་ཉིན་གཅིག་གི་ཁང་ཚན་ནང་ཁུལ་གྱི་རྩེད་འགྲན་རྣམས་སློབ་གྲྭའི་རྒན་བདག་གཉིས་ནས་རྩེད་མོའི་སྒྲིག་གཞིར་སྲུང་བརྩི་ཞུ་རྒྱུའི་དམ་བཅའ་ཕུལ་བ་ལྟར་ཞི་བདེ་ལྷིང་འཇགས་དང་ཆེ་མཐོང་ལྡན་པའི་ངང་རང་སྐྱིད་མི་སྨོན་གྱི་དཔེ་ལྟར་བཀྲིས་ལོ་ལེགས་ལམ་ནས་མཇུག་སྒྲིལ་གནང་།


དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་ཀྱི་ལས་གཞིའི་ཉིན་མོ་སྲུང་བརྩི་ཞུས་པ།
༄༅  །། ༢༠༡༨ ལོའི་ཕྱི་ཟླ་ ༡༠ པའི་ཚེས་  ༡༦ རེས་གཟའ་མིག་དམར་གྱི་ཉིན་རྒྱབ་ཕྱག་ཚོད་ ༢་༣༠ ཐོག་དགེ་རྒན་རྣམས་དང་སློབ་གྲྭའི་དགེ་ཆེ་གཙོ་བའི་དགེ་ཆེ་ཕྱག་རོགས་བཅས་བློ་གཏེར་ཚོམས་ཆེན་ནང་ཚང་འཛོམས་ཀྱིས་ལོ་འཁོར་གཅིག་གི་ནང་དགེ་རྒན་ཁྱད་ལས་ཡར་རྒྱས་ཀྱི་ལས་གཞིར་ཉིན་རེའི་འཛིན་གྲྭ་སོ་སོའི་ནང་སློབ་མ་དབུ་བཞག་གི་སློབ་འཁྲིད་ཐབས་བྱུས་དང་འཁྲིད་ཐབས་ལག་བསྟར་ཇི་གནང་སོགས་ཀྱི་ཐད་སློབ་དགེ་སྡེ་ཚན་སོ་སོའི་ལས་འཆར་རྣམས་མང་ཚོགས་མདུན་གཏམ་བཤད་དང་བརྙན་དཔར་བརྙན་ཐུང་བཅས་ཀྱི་ལམ་ནས་འགྲེམས་སྤེལ་ཞུས་པ་དང་དེ་བཞིན་སློབ་འཁྲིད་ཐབས་བྱུས་ཇི་གནང་བཅས་ཀྱི་སྐོར་གཙོ་དོན་གཙེགས་སུ་འཛིན་ནས་ཟུར་བཏོན་བྱས་སྟབས་དགེ་རྒན་དང་འཛིན་སྐྱོང་ཚང་མས་དོན་འབྲས་ཆེན་པོ་དང་སྐབས་བསྟུན་སློབ་མ་རྣམས་ལ་ཁ་ཡོད་ལག་ཡོད་ཕན་ཐོག་ཆེན་པོ་ཡོད་པའི་ཚོར་སྣང་ཆེན་པོ་བྱུང་བར་མངོན་པས་དགའ་སྤོབས་སུ་གྱུར། ལྷག་པར་འདི་ལོའི་ལས་འཆར་མང་པོ་ཞིག་དམིགས་བསལ་མུ་མཐུད་དེ་མ་འོངས་པར་སློབ་འཁྲིད་ལག་བསྟར་བྱ་རྒྱུར་ཕན་རླབས་ཆེན་པོ་བྱུང་ཡོད་པ་དང་དེ་བཞིན་སློབ་འཁྲིད་ཐབས་བྱུས་དེ་དག་ལ་གཞི་བཞག་ཏེ་སློབ་འཁྲིད་ལག་བསྟར་དང་གསར་གཏོད་ཀྱི་ལམ་ནས་སློབ་འཁྲིད་ཐབས་བྱུས་ལ་དོན་སྙིང་ལྡན་པ་བྱུང་བར་མངོན།  མཐར་ཆུ་ཚོད་ ༢ ལྷག་རིང་ལས་གཞི་རྣམས་ལག་བསྟར་བྱས་རྗེས་དགེ་ཆེ་ཕྱག་རོགས་མཆོག་ནས་ལས་བསྡོམས་གསུང་བཤད་གནང་སྟེ་མཇུག་བསྒྲིལ་གནང་བ།

ཟུར་སྦྱོང་རིགས་གནས་ཀྱི་ལས་གཞིའི་ཉིན་མོ་སྲུང་བརྩི་ཞུས་པ།
༄༅  །། ༢༠༡༨ ཕྱི་ཟླ་ ༡༠ པའི་ཚེས་ ༢༢ ཚོགས་ཐེངས་གསུམ་པ་ནས་འཛིན་རིམ་གསུམ་པ་ཡན་གྱི་སློབ་མ་རྣམས་དང་དགེ་ལས་ཡོངས་ཚང་འཛོམས་ཐོག་ཟུར་སྦྱོང་ལས་རིགས་ཇི་ཡོད་རྣམས་བང་རིམ་བཞིན་དཔར་རིགས་འདྲ་མིན་འགྲེམས་སྤེལ་དང་གཏམ་བཤད་དང་།  བརྙན་ཐུང་། བརྙན་དཔར། གཏམ་བརྗོད་ཟུར་བཏོན་གྱིས་དཔེ་སྟོན་སོགས་ཀྱི་བརྒྱུད་ལམ་ནས་ལོ་འདིའི་ཟུར་སྦྱོང་རིགས་གནས་ཀྱི་ལས་རིམ་ཆེས་མང་དག་ཞིག་དགེ་སློབ་རྣམས་ལ་གཟིགས་འབུལ་ཞུས་ཐུབ་པ་བྱུང་ཡོད།  འདི་ལོའི་ཟུར་སྦྱོང་རིག་གནས་མང་དག་ཞིག་སླད་མ་འོངས་པར་མུ་མཐུད་དེ་ལག་བསྟར་གྱིས་འབྲེལ་ཡོད་སློབ་མ་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཆེན་པོ་ཡོད་པའི་ཚོར་སྣང་ཆེན་པོ་བྱུང་བ་དང་ལྷག་པར་རང་རེའི་མ་འོངས་པའི་སོན་རྩ་དག་ལ་འབྲི་ཀློག་གཉིས་ཀྱི་ཤེས་བྱ་ཡོད་པ་ཙམ་དུ་མ་ཟད་དེང་དུས་ཀྱི་དུས་དང་འཚམས་པའི་དགོས་མཁོ་དང་གསར་གཏོད་ཀྱི་རིག་གསར་མང་དག་ཞིག་ལ་ཡང་གོ་རྟོགས་དང་རྒྱུས་མངའ་ཡོད་དགོས་པ་ནི་མེད་དུ་མི་རུང་བའི་གལ་གནད་ཅན་གྱི་ཤེས་བྱ་དམིགས་བསལ་བ་ཞིག་ཡིན་སྟབས་ངེས་པར་དུ་རང་རེའི་སློབ་གྲྭ་སོ་སོའི་ལས་རིགས་ནང་བཅུག་དགོས་པ་དང་ལྷག་པར་དུ་འདི་འདྲའི་ལས་རིགས་ཟུར་སྦྱོང་རིགས་གནས་ལྟ་བུའི་ནང་ལག་བསྟར་བྱ་དགོས་པ་ནང་བཞིན་བོད་ཁྱིམ་སློབ་གྲྭ་ཚང་མའི་ནང་དངོས་སུ་ལག་བསྟར་གནང་དང་གནང་བཞིན་མཆིས།  མདོར་ན་ཟུར་སྦྱོང་རིགས་གནས་ཀྱི་ལས་འཆར་དེས་སློབ་མ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ལུས་སེམས་ཟུང་ལ་ཕན་འབྲས་ཆེན་པོ་བྱུང་བ་ནི་གདོན་མི་ཟ། མཐར་ཆུ་ཚོད་ ༢ ལྷག་རིང་ལས་གཞི་རྣམས་ལག་བསྟར་བྱས་རྗེས་དགེ་ཆེ་ཕྱག་རོགས་མཆོག་ནས་ལས་བསྡོམས་གཏམ་བཤད་གནང་སྟེ་མཇུག་བསྒྲིལ་གནང་བ།


ལོ་འཁོར་འདྲི་རྩད་ཆེན་མོ།
༄༅ །། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༠ པའི་ཚེས་  ༢༦ ཉིན་དགོང་དྲོ་ཕྱག་ཚོད་   ༥་༣༠ ནས་  ༦་༣༠ བར་དགོང་དྲོའི་རང་སྦྱོང་སྐབས་འཛིན་རིམ་བདུན་པ་ནས་བཅུ་པ་བར་གྱི་སློབ་མ་རྣམས་དང་དགེ་ལས་རྣམས་བློ་གཏེར་ཚོམས་ཆེན་ནང་ཚང་འཛོམས་ཀྱིས་སྐབས་བབ་ཀྱི་ལས་གཞི་འགོ་འཛུགས་གནང་བ། དེ་ཡང་གཤམ་གསལ་བརྗོད་གཞི་འདྲ་མིན་ཐོག་འདྲི་རྩད་གནང་བ་ལས་དང་པོ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཐོག་སྡེ་ཚན་རེར་དྲི་བ་གཉིས་རེ་བཏང་བ། དེ་ནས་ཨང་རྩིས་དང་། རྩེད་རིགས། གློག་ཀླད། དེང་དུས་ཀྱི་རིག་གསར་ཚན་རིག སྤྱི་བཏང་ཤེས་བྱ་བཅས་ཀྱི་ཐོག་འཛིན་རིམ་བདུན་པ་ནས་འཛིན་རིམ་བཅུ་པ་བར་གྱི་སློབ་མ་རྣམས་ལས་འཛིན་གྲྭའི་སྡེ་ཚན་རེ་ནས་ངོ་ཚབ་རེ་བཅས་སློབ་མ་གྲངས་ཉི་ཤུ་རྩ་བཞི་རྣམས་སྡེ་ཚན་དྲུག་ཏུ་ཆ་བགོས་བྱས་ཏེ་སྡེ་ཚན་རེར་སློབ་མ་གྲངས་བཞི་རེ་ཡོད་པ། སྡེ་ཚན་དེ་དག་གི་མིང་ནི་ཕར་ཕྱིན་དྲུག་གི་མཚན་སྦྱང་ཡོད་པ་བཞིན་མཐར་རྟགས་དང་རྟེན་འབྲེལ་བཟང་པོའི་མངོན་རྟགས་སུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྡེ་ཚན་ལ་ལོ་འདིའི་ལོ་འཁོར་འདྲི་རྩད་ཆེན་མོའི་བྱ་དགའ་ཨང་དང་པོ་དེ་ཐོབ་སྟེ་ཉིན་དེའི་མཛད་རིམ་རྣམས་ལེགས་གྲུབ་བྱུང་བ།



༢༠༡༧ ཟླ་བ་ ༡༠ ཚེས་ ༢༨

ལོ་འཁོར་འདྲི་བརྩད་འགྲན་བསྡུར། 
                   
འདི་ལོ་དབྱིན་ཡིག་ཚོགས་ཆུང་གི་ཚོགས་གཙོ་རྒན་བསྟན་འཛིན་དོན་གྲུབ་ལགས་ཀྱི་སྣེ་འཁྲིད་དེས་སྤྱི་ཚོགས་རིག་གནས་ཀྱི་དགེ་རྒན་རྣམ་པའི་དཔུང་རོགས་འོག  འདི་ལོའི་ཟླ་བ་བཅུ་པའི་ཚེས་༢༨ ཉིན་ལོ་འཁོར་དྲི་བརྩད་འགྲན་བསྡུར་གོ་སྒྲིག་གནང་ཡོད་པ་ཡིན། དྲི་བརྩད་ཀྱི་ཐབས་ལམ་མི་འདྲ་བ་མ་ཟད། སྐབས་དེར་ཕྱོགས་གཅིག་ཙམ་མིན་པར་ཤེས་ཡོན་གྱི་ཟུར་ཡོད་ཚད་ནས་དྲི་བ་བསྐུར་གནང་ཡོད། དེར་སྤྱིར་བཏང་གི་དྲི་བ་དང། ཚན་རིག ཨང་རྩིས། དེང་རབས་འཕྲུལ་རིག་དང་། དེ་བཞིན་དབུས་བོད་མི་སྒྲིག་འཛུགས་ཀྱི་སྐོར་ལས་འཕྲོས་ཏེ་དྲི་བ་འདྲ་མིན་བཏང་ཡོད་པ་རེད། སྐབས་དེར་ཁྱོན་བསྡོམས་འཛུལ་ཞུགས་བ་སློབ་མ་གྲངས་༢༤ ཡོད་པ་མ་ཟད། དེ་དག་ཚང་མ་དམིགས་བསལ་གཟེངས་སུ་ཐོན་པའི་སློབ་མ་ཤ་སྟག་ཡིན།




༢༠༡༧ ཟླ་བ་ ༡༠ ཚེས་ ༡༤

བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས། 
                         
དེ་ཡང་བོད་ཡིག་ཚོགས་ཆུང་གི་ཚོགས་གཙོ་དབུ་བཞུགས་ཐོག་ཚོགས་ཆུང་གི་ཚོགས་མི་ཡོངས་ཀྱིས་གྲོས་མོལ་དང་། བསམ་འཆར་ལྷུག་པོ་བྱས་པའི་མཐའ་འབྲས་སུ། ཐོག་མར་ཟླ་ཚེས་དེ་༸རྒྱལ་བའི་བླ་གཟའ་སྟེ་རེས་གཟའ་ལྷག་པ་སྤྱི་ཟླ༡༠ ཚེས༡༨ ལྷག་དཀར་ཉིན་སྲུང་བརྩི་ཞུ་རྒྱུའི་དམིགས་དབེན་བཟུང་། མ་ཟད་ང་ཚོས་མ་འོངས་བོད་མི་རིགས་ཀྱི་ཀ་བ་ལྟ་བུའི་སློབ་མ་ཚོར་འབྲི་ཀློག་ཉན་བཤད་བཞི་ཡི་རྨང་གདན་རྩ་བ་ཡོད་པའི་སྟེང་། རང་མི་རིགས་ཀྱི་སེམས་ཁམས་དང་འབྲེལ་བའི་ལེགས་བྱང་གཞས་དང་།  རྩེད་མོ།  གྱོན་གོས་སོགས་ངོ་སྤྲོད་དང་།  སློབ་གསོ་བཟང་པོའི་ལམ་སྟོན་གྱི་ཐོག་ནས་མི་ཡུལ་ག་ཚོད་སྐྱིད་ཀྱང་། རང་ཡུལ་བརྗེད་ཐབས་མེད་པའི་དུངས་སེམས་མཚོན་ནུས་པའི་ཐོག་ནས་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་འཆར་འགོད་བྱས་པ་ཡིན།
འཛིན་རིམ་དང་པོ་ནས་དྲུག་པ་བར་བོད་དང་འབྲེལ་བའི་རྩེད་མོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་གྱོན་ཆོས་དང་གནའ་སྔ་མོའི་རྩེད་མོའི་རིགས་སོགས་དངོས་སུ་ཚོམས་ཆེན་ནང་གཟིགས་འབུལ་ཞུས་པ་དང་། སློབ་མ་རྒན་པ་སྡེ་ཚན་ནས་འཛིན་རིམ་བདུན་པ་དང་བརྒྱད་པས་དགོད་བྲོའི་གཏམ་གླེང་དང་། འཛིན་རིམ་དགུ་པས་འབྲི་ཀློག་གི་ཤེས་ཡོན་ལས་མིའི་ཀུན་སྤྱོད་གལ་ཆེ་ཟེར་བའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ་དང་། འཛིན་རིམ་བཅུ་པའི་དེང་རབས་ཀྱི་གཞས་དང་། སྙན་ངག་གྱེར་འདོན་ཞུས་ཏེ་སློབ་ཕྲུག་རྣམས་ལ་འབྲི་ཀློག་ཙམ་མིན་པར། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་བྱང་དང་། རིག་གཞུང་བཟང་པོའི་ཁྲག་རྒྱུན་ངོ་སྤྲོད་བྱེད་ཐུབ་པ་བྱུང་ཡོད།







༢༠༡༧




༢༠༡༧ ཟླ་བ་ ༡༠ ཚེས་ ༡༤

སློབ་གྲྭའི་ལོ་འཁོར་རྒྱུགས་མཆོང་འཕེན་གསུམ་གྱི་རྩེད་འགྲན།  

རྒྱུགས་མཆོག་འཕེན་གསུམ་གྱི་རྩེད་འགྲན་འདི་ནི་སློབ་གྲྭའི་གལ་འགངས་ཆེ་ཤོས་སུ་འགྱུར་བའི་མཛད་རིམ་ཞིག་ཡིན་ལ། ལོ་ལྟར་བཞིན་འདི་ལོ་ཡང་སྔ་མོ་ནས་རྩེད་མོ་དང་རུ་སྒྲིག་རྣམས་གྲ་སྒྲིག་སྟ་གོན་གང་ལེགས་བྱས་ཏེ། སྤྱི་ཟླ་བཅུ་བའི་ཚེས་༡༤ ཉིན་དངོས་སུ་རྩེད་འགྲན་དབུ་འཛུགས་ཞུས་ཡོད། སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་དབུས་མི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་དང་ བོད་ཁྱིམ་དྲུང་ཆེ་བློ་བཟང་འཚོ་མོ་ལགས། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་ཁྱིམ་ངེས་སྟོན་པ་དང་ སློབ་སྤྱི་བཅས་ཕེབས་ཡོད་པ་དང་། ཞོགས་པ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ནས་རུ་སྒྲིག་འགོ་འཛུགས་ཞུས་ཏེ། ཉིན་གང་པོར་རྩེད་འགྲན་གནང་སྟེ་མཐར་ཁང་ཚན་བཞིའི་བར་ཨང་རིམ་དང་པོ་གསོན་པ་ནི་གཉའ་ཁྲི་ཁང་ཚན་ཡིན་པ་རེད།



༢༠༡༧ ཟླ་བ་ ༩་ཚེས་ ༡༨

དབྱིན་ཡིག་ཉིན་མོ།   
 
བོད་ཁྱིམ་ཅོན་ཏ་ར་སློབ་གྲྭའི་ནང་སློབ་ཕྲུག་རྣམས་ལ།འདི་ལོ་ཡང་དབྱིན་ཡིག་སྡེ་ཙན་གྱི་ཚོགས་གཙོ་དབྱིན་དགེ་བསྟན་འཛིན་དོན་གྲུབ་ལགས་ཀྱི་སྣེ་འཁྲིད་འོག་ཕྱི་ཟླ་༩ པའི་ཚེས་ ༡༨ ཉིན་དབྱིན་ཡིག་ཉིན་མོ་སྲུང་བརྩི་ཞུས་ཡོད།   ཞོགས་པ་འདུ་འཛོམས་ཆེན་མོའི་སྐབས་ནས་མཛད་རིམ་དངོས་སུ་དབུ་འཛུགས་བྱས་བ་དང་།  སྐབས་དེར་དུས་རྒྱུན་ལྟར་མིན་པར་ཞོགས་པའ་འདུ་འཛོམས་དེ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཐང་ཆེན་ཐོག་ཚོགས་ཏེ། འཛིན་རིམ་གསུམ་པ་ནས་བཅུ་པ་བར་འཛུལ་ཞུགས་ཡོད་པའི་དབྱིན་ཇིའི་གཞས་བྱམས་སེམས་ཞེས་པ་ཞིག་དང་། ཀུན་སྤྱོད་ཀྱི་ཁྱད་པར་བཟོ་ནུས་ཟེར་བའི་སློབ་གསོ་ཤུགས་དྲག་ཡོད་པའི་གཞས་དེ་དབྱངས་དང་བཅས་བླངས་ཡོད། དེ་ནས་ཚོགས་ཁང་ནང་འཛིན་གྲྭ་དགུ་པ་དང་བཅུ་པའི་སློབ་མ་རྣམས་ཀྱིས་ཐད་བརྗོད་གཏམ་གླེང་འགྲན་བསྡུར་གནང་བ་དང་། འཛིན་གྲྭ་བརྒྱད་པ་དང་བདུན་པའི་སློབ་མ་རྣམས་ཀྱིས་དག་ཆ་འགྲན་བསྡུར་གནང་ཡོད་པ་ཡིན། མདོར་ན་ཉིན་དེར་ཁྱོན་སློབ་མ་གྲངས་ལྔ་བརྒྱ་ལྷག་བྱེད་སྒོ་འདྲ་མིན་ནང་འཛུལ་ཞུགས་ཐུབ་པ་བྱུང་ཡོད།



༢༠༡༧ ཟླ་བ་ ༩ ཚེས་ ༡༡

བོད་མིའི་སློབ་གྲྭ་དྲུག་བར་སིལ་སྤོལ་རྩེད་འགྲན་ཚོགས་པ།   
           
རྒྱལ་སྤྱིའི་བོད་ཀྱི་རྩེད་མོ་ཚོགས་པའི་དངུལ་གྲོན་གྱི་རྒྱབ་སྐྱོར་འོག  འདི་ག་ང་ཚོའི་སློབ་གྲྭས་ཕྱི་ཟླ་༩ པའི་ཚེས༢༣ ཉིན་བོད་མིའི་སློབ་གྲྭ་དྲུག་བར་སིལ་པོལ་རྩེད་འགྲན་ཞིག་གོ་སྒྲིག་ཞུས་ཡོད་ལ། འཛུལ་ཞུགས་པ་རྣམས་ནི་རྡ་སྟེང་བོད་ཁྱིམ་དང་། རྡ་ཤོད་བོད་ཁྱིམ་སློབ་གྲྭ  སུ་ཇ་བོད་ཁྱིམ། གྷོ་པལ་པུར་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ་བཅས་བོད་ཁྱིམ་སློབ་གྲྭ་ལྔ་དང་། ཉེ་འཁྲིས་སློབ་གྲྭ་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་བཅས་ཡིན།
མཐའ་མའི་རྩེད་འགྲན་ནང་སླེབས་པ་ནི་སུ་ཇ་བོད་ཁྱིམ་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ཡིན་ལ། མཐར་འཛུལ་ཞུགས་ཁྲོད་ནས་ཡང་རྩེར་སོན་པ་ནི་སུ་ཇ་བོད་ཁྱིམ་ཡིན་ལ། ཉིན་གཉིས་ཀྱི་རྩེད་མོའི་འགྲན་བསྡུར་ནི་མིང་ཙམ་ལས་འདས་ཏེ། ཚང་མས་ཞེ་སྡང་དང་འདོད་སེམས་དོར་ཏེ་ཞི་འགྲིག་དང་། མཐུན་ལམ་ངང་ལེགས་གྲུབ་བྱུང་ཡོད།



༢༠༡༧ ཟླ་བ་ ༩ ཚེས་ ༡༦

ཀྲི་སྦི་ནད་གཞི་རྩ་མེད་ཀྱི་ལས་འགུལ།    
  
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལྷན་ཁང་གི་འདི་ལོའི་དམིགས་བྱ་གཙོ་བོ་བོད་མིའི་སྤྱི་ཚོགས་ནང་ཀྲི་སྦི་ནད་གཞི་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་གཞིར་བཟུང་།  ཕྱི་ཟླ་དགུ་པའི་ཚེས་༡༡ ཉིན་ནས་བདུན་གཅིག་ཙམ་གྱི་རིང་བདེ་ལེགས་སྨན་ཁང་ནས་གཙོ་བོ་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱི་སྣེ་འཁྲིད་འོགསློབ་གྲྭའི་ནང་དགེ་ལས་སློབ་ཕྲུག་ཕོ་མོ་ཡོད་དོ་ཅོག་ལ་གཟུགས་གཞི་བདེ་ཐང་ཡན་མིན་བརྟག་དཔྱད་དང་། ཀྲི་སྦི་ནད་འབུ་ཇི་ཙམ་ཡོད་མིན་འཚོལ་ཕྱིར་སྨན་དཔྱད་(Mantoux test) ཞེས་པའི་བརྟག་དཔྱད་བརྒྱུད་སྐུལ་བྱས་པ་མ་ཟད། དོགས་ཡོད་ལས་བྱེད་དང་སློབ་ཕྲུག་མང་པོ་སྨན་ཁང་དུ་བསྐྱོད་དགོས་པ་ཡང་བྱུང་ཡོད་ལ། ཀྲི་སྦི་འབུ་གྲངས་མང་བ་རྣམས་ལ་ཟླ་བ་གསུམ་གྱི་སྨན་ཡང་གཏང་རྒྱུ་འགོ་འཛུགས་བྱས་པས། འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཆེན་པོ་ཞིག་ལེགས་གྲུབ་བྱུང་།







༢༠༡༧ ཟླ་བ་ ༩ ཚེས་ ༡༡

ཚན་རིག་ཉིན་མོ།    
      
ཚན་རིག་ཉིན་མོ་ནི་སློབ་མའི་རིག་རྩལ་གོང་འཕེལ་དང་། དེང་རབས་ཚན་རྩལ་གྱི་ཤེས་བྱ་རྒྱུས་ཡོང་ཕྱིར། ཕྱི་ཟླ་༩ ཚེས་ ༡༡  ཉིན་ཞོགས་པ་འདུ་འཛོམས་ནས་འགོ་འཛུགས་ཏེ་ཐོག་མའི་ཆ་ལ་ཚན་རིག་ཚོགས་ཆུང་གི་ཚོགས་གཙོ་རྒན་དབང་དགའ་ལགས་ནས། མིའི་བྱུང་རབས་དང་མི་ཡི་ཐུན་མོང་མ་ཡིན་པའི་བསམ་བློའི་ནུས་པའི་སྐོར་གཏམ་བཤད་གནང་བ་དང་། དེ་ནས་རིམ་པའི་འཛིན་གྲྭ་རེས་མོས་བཞིན་ཚོགས་ཐུན་དང་པོ་ནས་སློབ་ཕྲུག་རང་ངོས་ནས་བཟོ་སྒྲིག་བྱས་ཚན་རིག་གི་བྱེད་སྒོ་མང་དག་ཅིག་ལ་འགྲེལ་བཤད་དང་འགྲེམས་སྟོན་བྱ་རྒྱུའི་གོ་སྐབས་དང་། ལྷག་པར་ཉེ་འདབས་སམ་བྷོ་ཏ་གཏན་ཉིན་སློབ་གྲྭའི་སློབ་ཕྲུག་རྣམས་ལའང་དེ་ལྟར་གཟིགས་ཞིབ་བྱ་རྒྱུའི་གོ་སྐབས་བྱུང་ཡོད།




༢༠༡༧ ཟླ་བ་ ༩ ཚེས་ ༢

མང་གཙོའི་དུས་ཆེན་ཐེངས་༥༧་སྲུང་བརྩི་ཞུས་པ།

དེང་དུས་འཛམ་བུ་གླིང་སྤྱི་སྲོལ་དང་མཐུན་པར་བོད་འབངས་རྣམས་ཀྱང་མང་གཙོའི་ལམ་ཐོག་ཤར་སྐྱོད་བྱ་དགོས་པའི་དགོངས་བཞེས་དཀྱེལ་ཡངས་ཀྱི་ཉི་འོད་ལ་བརྟེན་ནས། ཕྱི་ལོ་༡༩༦༠ ལོ་ནས་ད་ལྟ་བར་བོད་མི་རྣམས་མང་གཙོའི་ལམ་དུ་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་དང་།  དེ་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ལོ་ལྟར་བོད་མིའི་ཚོགས་སྡེ་ཁག་གཞན་བཞིན་ང་ཚོའི་སློབ་གྲྭས་ཀྱང་ལོ་ལྟར་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་པ་ལྟར།  འདི་ལོ་ཡང་ཞོགས་པ་སློབ་གྲྭའི་ཚོགས་ཁང་ནང་དུ་དགེ་སློབ་མཉམ་འཛོམས་ཐོག་སློབ་གྲྭའི་ནང་སྐུ་མགྲོན་གྱི་གཙོ་བོ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་ཚེ་རིང་རྡོ་རྗེ་མཆོག་གདན་འདྲེན་ཞུས་པ་དང་།  དེ་ཡང་ཐོག་མར་བློ་གཏེེར་ཚོགས་ཁང་ནང་དགེ་སློབ་ཐུན་མོང་གིས་མང་གཙོ་གསར་བཞད་ཀྱི་གླུ་དབྱངས་རྔ་རོལ་དང་བཅས་པ་བླངས་ཏེ། དེ་ནས་སློབ་གྲྭའི་སློབ་སྤྱི་མཆོག་གིས་སྤྱིར་མང་གཙོའི་དགེ་སྐྱོན་དང་། ཡང་སྒོས་བོད་ཀྱི་མང་གཙོའི་འཕེལ་རིམ་སྐོར་གཏམ་བཤད་གནང་བ་མ་ཟད། རིམ་པའི་སྐུ་མགྲོན་གཙོ་བོ་མཆོག་གིས་མང་གཙོའི་འགན་འཁུར་དང་། མང་གཙོ་ཁེ་དབང་སྐོར་གཏམ་བཤད་གནང་བ་དང་། མཐར་སློབ་མ་ཆུང་བས་གླུ་གཞས་དང་། སློབ་མ་རྒན་པས་སྡིངས་ཆའི་སྟེང་སྒོར་གཞས་འཁྲབ་སྟོན་ཞུས་ཏེ་མཛད་སྒོ་མཇུག་སྒྲིལ་བ་བྱུང་།



༢༠༡༧ ཟླ་བ་ ༨ ཚེས་ ༢

བུ་དང་བུ་མོའི་རུ་ཁག་ནང་ཁུལ་རྐང་རྩེད་སྤོ་ལོའི་འགྲན་བསྡུར། 
        
སློབ་མའི་ནང་གི་ཤེས་ཡོན་འཚར་ལོངས་ཙམ་མིན་པར་ཕྱིའི་ལུས་སྟོབས་བདེ་ཐང་གནས་ཕྱིར་རྩེད་མོ་དེ་ནི་ཆ་ཤས་གལ་ཆེན་ཞིག་ཡིན་པར་བརྟེན། ལོ་ལྟར་ཕྱི་ཟླ་བརྒྱད་པའི་ནང་རུ་ཁག་ནང་ཁུང་རྐད་རྩེད་སྤོ་ལོ་འགྲན་བསྡུར་བྱེད་བཞིན་ཡོད་ལ། འདི་ལོ་ཡང་འགྲན་བསྡུར་ནང་ཁྱོན་བུ་དང་བུ་མོའི་རུ་ཁག་༥༦ ཙམ་ཡོད་ལ།  སློབ་ཕྲུག་ཚོས་དགའ་སྣང་ངང་རང་ངོས་ནས་སྦྱོང་བརྡར་དང་། རུ་ཁག་ནང་ཁུལ་གྱི་སྒྲིག་ཆས་གོ་སྒྲིག་དང་སློབ་གྲྭའི་རྩེད་མོའི་དགེ་རྒན་དྲུང་ནས་གཡར་པོ་ཞུས་ཏེ་རང་འགན་རང་འཁུར་བྱེད་བཞིན་ཡོད། སྐབས་དེར་དངོས་གཞིའི་རྩེད་འགྲན་ཚུགས་སྐབས་སློབ་གྲྭའི་རྩེད་རིགས་ཚོགས་ཆུང་དང་། དམིགས་བསལ་སློབ་ཕྲུག་ཚོགས་ཆུང་ནས་འཁུར་བཞེས་ཏེ་རྩེད་མོའི་དགེ་རྒན་དང་ཁང་ཚན་དགེ་རྒན་རྣམས་ཀྱིས་དངོས་གཞིའི་གཟིགས་རྟོགས་ཞུས་ཏེ།  ཐོག་མའི་ཆར་བྱམས་པ་གླིང་དང་།  ཨ་མའི་སྐྱེས་རིང་རུ་ཁག་གཉིས་བར་ཐོག་མའི་འགྲན་བསྡུར་བྱས་ཏེ།  རིམ་པའི་ཟླ་བ་དེ་ཡི་ཚེས་ ༣༠  ཉིན་མཇུག་རྫོགས་པར་བྱས།




༢༠༡༧ ཟླ་བ་ ༦ ཚེས་ ༣༠

རིགས་ལམ་ཆེད་ལས་རྒན་ངག་དབང་བརྩོན་ལགས་ཆེད་ཕེབས་གནང་བ།     
  
ཕྱི་ལོ ༢༠༡༧ ལོའི་ཕྱི་ཟླ་༦ ཚེས་ ༣༠ནས་ཚེས་༥ ཉིན་ཁྱོན་ཉིན་དྲུག་རིང་འདི་ག་སློབ་གྲྭའི་ནང་ཆེད་དུ་ཤེས་རིག་ལས་ཁུངས་ནས་མངགས་གཏོང་མཛད་པའི་རྟོགས་ཞིབ་པ། རིགས་ལམ་ཆེད་ལས་རྒན་ངག་དབང་བརྩོན་འགྲུས་ལགས་ཆེད་ཕེབས་གནང་བ་དང་། ཁོང་གིས་སྔ་དགོང་རིགས་ལམ་རྩོད་རྭ་དང་། ཚོགས་ཐེངས་ཁག་ལ་གཟིགས་ཞིབ་གནང་དང་སློབ་ཁྲིད་གནང་བ་མ་ཟད། ཁོང་གིས་འཛིན་གྲྭ་བདུན་པ་མན་གྱི་སློབ་ཕྲུག་ཚོར་རིགས་ལམ་རྩོད་གཞིའི་ཐད་སྔར་ལས་ལྷག་པའི་འདུན་པ་སྐྱེད་ཡོད་པའི་གཟིགས་ཚུལ་བྱུང་ལ། ལྷག་པར་མ་འོངས་པར་རིགས་ལམ་ཐོག་ནུས་པ་ཐོན་ཕྱོགས་ཐད་ལམ་སྟོན་བཀའ་སློབ་ཀྱང་གནང་ཡོད་པ་ཡིན།



༢༠༡༧ ཟླ་བ་ ༧ ཚེས་ ༦

འཁྲུངས་སྐར་བསུ་བ། བཀྲ་ཤིས་་་་ཁ་དྲོ།

ཕྱི་ཟླ་ ༧ པའི་ཚེས་ ༦  ཉིན་དེ་ནི་བོད་མི་མགོ་ནག་ཡོད་དོ་ཅོག་ལ་ཧ་ཅང་སྐལ་བཟང་གི་ཉིན་ཞིག་ལ་འགྱུར་ཡོད་པ་ནི། ༸རྒྱལ་བའི་སྐུ་ཡི་འཁྲུངས་སྐར་ཡིན་པ་རེད། སྐབས་དེར་སྔ་དྲོ་ཆུ་ཚོད་བདུན་པའི་ཐོག་ལས་སློབ་ཚང་མ་ཚོགས་ཁང་ནང་ཚང་འཛོམས་བྱས་ཏེ་བསངས་གསོལ་བཏང་བ་དང་། རིམ་བཞིན་མཛད་སྒོ་དངོས་སུ་ཚུགས་ཏེ་སློབ་སྤྱི་མཆོག་གི་དགའ་དད་སྤྲོ་གསུམ་ངང་དགའ་སྤྲོའི་གཏམ་བཤད་ཀྱི་མདུན་བསུས་ཏེ་གློག་ཀླད་བརྒྱུད་༸རྒྱལ་བའི་སྐུ་ཚེའི་ལོ་རྒྱུས་ཡོད་དོ་ཅོག་ཉུང་ངུ་དོན་བསྡུས་བྱས་ཏེ་གྱང་སྟེང་དུ་བསྟན་གནང་བ་དང་། དེ་ནས་སློབ་ཕྲུག་༡༠༠ ཙམ་འཛུལ་ཞུགས་ཡོད་པའི་༸རྒྱལ་བའི་དཔེ་དེབ་ལྗགས་ཀློག་ཞེས་པའི་ལས་འགུལ་འོག་དབྱིན་བོད་སྐད་ཡིག་གང་རུང་ནང་དཔེ་ཀློག་བྱས་པའི་དེབ་རིགས་འདྲ་མིན་མང་པོར་འགྲེལ་བརྗོད་དང་། ནང་དོན་བརྗོད་འགྲེལ་བྱས་པ་བཅས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དངོས་སུ་འགྱུར་བ་བྱས་པ་མ་ཟད། ཉིན་དེར་ལས་སློབ་ཚང་མར་སློབ་གྲྭའི་ཡིག་ཚང་ནས་དམིགས་བསལ་ཞལ་ལག་འདེགས་འབུལ་བྱས་ཏེ་བླ་མར་སེམས་དད། སྤྱི་བར་ཤ་ཚ་ཞེས་པའི་ལག་ལེན་གྱི་ནུས་པ་སྐྱེད་བསྲིངས་བྱས་ཡོད།  



༢༠༡༧ ཟླ་བ་ ༦ ཚེས་ ༢༡

འཛིན་གྲྭ་དང་པོ་ནས་གསུམ་པ་བར་གྱི་བོད་སྐད་སྙན་ཚིག་འགྲན་བསྡུར།      
   
ཕྱི་ཟླ༦ པའི་ཚེས་ ༢༡  ཉིན་འཛིན་གྲྭ་དང་པོ་ནས་གསུམ་པ་བར་ཕྱི་དྲོ་ཚོགས་ཐུན་དྲུག་པར་སློབ་གྲྭའི་བློ་གཏེར་ཚོགས་ཁང་ནང་ལ་སྙན་ཚིག་འགྲན་བསྡུར་ཚུགས་ཡོད།  སྐབས་དེར་བརྗོད་གཞི་འདྲ་མིན་ཡོད་པའི་ཐོག་སློབ་མ་ཆུང་ཆུང་རྣམས་ཀྱིས་རང་གི་ལུས་སེེེམས་གཉིས་ཀྱི་ཉམས་འགྱུར་ཕྱི་རུ་ཤུགས་དྲག་མངོོོན་ནུས་པའི་སྙན་ངག་གི་བརྗོད་གཞི།  བོད་ཀྱི་སྲོག་ཆགས་དང་། ཞི་མི་ཁྲ་ཁྲ། ད་དུང་ང་ཡི་ལྷ་ས་ལྟ་བུ་གྱེར་འདོན་བྱས་ཏེ་དགེ་སློབ་ཡོངས་ཀྱི་བློ་འགུག་ཐུབ་པར་བྱས། སྐབས་དེའི་འགྲན་བསྡུར་ཁྲོད་ནས་ཨང་རིམ་དང་པོ་གསོན་པ་ནི། འཛིན་གྲྭ་གསུམ་པ་བུམ་པས་གྱེར་འདོན་བྱས་པའི་ང་ཡི་ལྷ་ས་ཞེས་པར་ཨང་རིམ་རྩེ་ཕུད་ཀྱི་བྱ་དགའ་ཐོབ།




༢༠༡༧ ཟླ་བ་ ༥ ཚེས་ ༣༠

བཀའ་འགྱུར་རིན་པོ་ཆེ་ལྗགས་ཀློག   
       
ཕྱི་ཟླ་ལྔ་པ་སྟེ་བོད་ལུགས་ས་ཁ་ཟླ་བ་ནི་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པ་དང་། བདུད་བཏུལ་བ།  མངོན་པར་རྫོགས་པ་སངས་རྒྱས་པ། མཐར་སྐུ་མྱང་ངན་ལས་འདས་པ་བཅས་དུས་ཆེན་ལྔ་འཛོམས་སུ་འགྱུར་ཡོད་པར་བརྟེན། བོད་མི་ཡོངས་ཀྱིས་བོད་ཟླ་༤པའི་ཚེས་ ༡ ནས་ ༣༠ བར་དམིགས་བསལ་དགོས་པ་དམིགས་བསལ་ཅན་ལ་བལྟས་ནས་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་སོགས་སྡིག་བཤགས་དགེ་སྒྲུབ་ཀྱི་ལས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་བཞིན།  ང་ཚོའི་སློབ་གྲྭའི་ནང་ལའང་ཟླ་བ་འདིའི་རིང་དམིགས་བསལ་ཆོས་དགེ་རིན་པོ་ཆེའི་ལམ་སྟོན་འོག་འཛིན་གྲྭ་བདུན་པ་ཡན་གྱི་སློབ་མ་དང་ལས་བྱེད་རྣམས་ཀྱིས། ཚེས་༣༠ དང་ ༣༡ ཉིན་གཉིས་རིང་སློབ་གྲྭའི་རིག་གཞུང་ཚོགས་ཆུང་གི་བཀོད་སྒྲིག་འོག  རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྒྲོག་སྦྱངས་བྱས་པ་མ་ཟད། སློབ་ཕྲུག་ཚོར་རང་གི་ཕ་མེས་ནས་ཡོད་པའི་སྲོལ་རྒྱུན་གྱི་ལམ་སྲོལ་བཟང་པོའི་སྣེ་འཁྲིད་དང་།  དགེ་སྒྲུབ་བྱེད་ཀྱི་ཡོད།




ཚེ་འདས་ཁོང་ལ་མྱ་ངན་གུས་འདུད།         
               
                  འདི་ནས་ཤི་འཕོས་གྱུར་མ་ཐག །          དགའ་ལྡན་སྐྱེ་ནས་ཡིད་དགའ་བར། །
              མྱུར་དུ་བྱམས་མགོན་མཉེས་བྱས་ན། །     ་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །

སྤྱི་ཟླ་དྲུག་པའི་ཚེས་ ༡༦ ཉིན་ཞོགས་པ་འཛིན་གྲྭ་ཚུགས་པའི་དུས་སུ་སློབ་གྲྭའི་དགེ་རྒན་རྒན་གྲས་བོད་དགེ་དབུ་རྒྱན་ཆོས་འཕེལ་ལགས་སྐུ་འཚོ་བཞུགས་མ་བྱུང་བའི་བློ་ཕམ་གྱི་གནས་ཚུལ་བྱུང་།  བློ་ཕམ་གྱི་གནས་ཚུལ་དེ་བྱུང་མ་ཐག་འཛིན་གྲྭ་བདུན་པ་ཡན་དང་། དགེ་རྒན་རྣམས་ཚོགས་ཁང་ནང་ཚང་འཛོམས་བྱས་ཏེ། བཟང་སྤྱོད་སྨོན་ལམ་དང་།  མ་ནི་འདོན་རྒྱུ་འགོ་འཛུགས་པ་མ་ཟད།  སློབ་གྲྭའི་བདེ་འཇགས་ཚོགས་གཙོའི་སྣེ་འཁྲིད་འོག་ལས་བྱེད་ཚང་མ་མཉམ་འདུས་ངང་འདས་པོའི་རྩིས་བསྐོར་རྒྱུ་དང་།  རྗེས་བཞུགས་ནང་མི་རྣམས་ལ་རོགས་རམ་དང་སེམས་གསོ་བྱ་རྒྱུ་འཐུས། ཕུང་པ་ཕྱིར་འདོན་གྱི་ལས་གཞི་བཅས་ལ་མཉམ་བཞུགས་བྱས།ཁོང་ནི་དགེ་རྒན་ལྷག་བསམ་གཞུང་དྲང་ཞིག་ཡིན་པ་མ་ཟད། སློབ་གྲྭའི་ནང་མི་ལོ་ཧྲིལ་པོ་ཉི་ཤུ་ལྷག་སྲི་ཞུ་བསྒྲུབས་ཏེ་བོད་མིའི་བླ་སྲོག་ལྟ་བུའི་ན་ཆུང་བྱིས་པ་མང་པོར། མ་འོངས་འདུན་ལམ་བཟང་པོའི་ཤེས་ཡོན་གྱི་འཁར་བ་འདེགས་པའི་བྱས་རྗེས་ཆེན་པོ་བཞག་ཡོད་ལ།  དེར་བརྟེན་ཁོང་གི་ཚོགས་བསགས་འབྲས་བུ་འདི་ལ་བརྟེན་ནས་ཕྱི་མ་སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་བྱར་སྐྱེ་བའི་སྨོན་འདུན་བསྔོ་བའོ།




༢༠༡༧ ཟླ་བ་ ༥ ཚེས་ ༣༠

བཀའ་འགྱུར་རིན་པོ་ཆེ་ལྗགས་ཀློག  
        
ཕྱི་ཟླ་ལྔ་པ་སྟེ་བོད་ལུགས་ས་ཁ་ཟླ་བ་ནི་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པ་དང་། བདུད་བཏུལ་བ།  མངོན་པར་རྫོགས་པ་སངས་རྒྱས་པ། མཐར་སྐུ་མྱང་ངན་ལས་འདས་པ་བཅས་དུས་ཆེན་ལྔ་འཛོམས་སུ་འགྱུར་ཡོད་པར་བརྟེན། བོད་མི་ཡོངས་ཀྱིས་བོད་ཟླ་༤པའི་ཚེས་ ༡ ནས་ ༣༠ བར་དམིགས་བསལ་དགོས་པ་དམིགས་བསལ་ཅན་ལ་བལྟས་ནས་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་སོགས་སྡིག་བཤགས་དགེ་སྒྲུབ་ཀྱི་ལས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་བཞིན།  ང་ཚོའི་སློབ་གྲྭའི་ནང་ལའང་ཟླ་བ་འདིའི་རིང་དམིགས་བསལ་ཆོས་དགེ་རིན་པོ་ཆེའི་ལམ་སྟོན་འོག་འཛིན་གྲྭ་བདུན་པ་ཡན་གྱི་སློབ་མ་དང་ལས་བྱེད་རྣམས་ཀྱིས། ཚེས་༣༠ དང་ ༣༡ ཉིན་གཉིས་རིང་སློབ་གྲྭའི་རིག་གཞུང་ཚོགས་ཆུང་གི་བཀོད་སྒྲིག་འོག  རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྒྲོག་སྦྱངས་བྱས་པ་མ་ཟད། སློབ་ཕྲུག་ཚོར་རང་གི་ཕ་མེས་ནས་ཡོད་པའི་སྲོལ་རྒྱུན་གྱི་ལམ་སྲོལ་བཟང་པོའི་སྣེ་འཁྲིད་དང་།  དགེ་སྒྲུབ་བྱེད་ཀྱི་ཡོད།




༢༠༡༧ ཟླ་བ་ ༥ ཚེས་ ༢༧

སྐུ་ཡི་འཁྲུངས་སྐར་དང་སྟབས་བསྟུན་རྐང་བྲོ་གླུ་གཞས་འགྲན་བསྡུར།

དེ་ལྟར་ང་ཚོའི་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་ལྷ་གཅིག་སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་མོའི་སྐུ་ཡི་འཁྲུངས་སྐར་དང་སྟབས་བསྟུན་ཏེ། ཕྱི་ལོ་༢༠༡༧ ཕྱི་ཟླ་༥ ཚེས་༢༧ ཉིན་དགའ་སྟོན་སྔ་བསྣུར་གྱིས་ཁོང་གི་མཛད་རྗེས་དང་། འཛམ་གླིང་ཡོངས་དང་ཡང་སྒོས་བོད་ཁ་བ་གངས་ཅན་གྱི་བདེ་སྡུག་ཐོག་ནམ་ཡང་གཟིགས་པ་ཆེ་ཆེར་བསྐྱོན་གནང་བའི་གཟི་བརྗིད་དང་། བཀའ་དྲིན་རྗེས་སུ་དྲན་ནས་འདི་ག་སློབ་གྲྭའི་ནང་།  ཁང་ཚན་བཞིའི་བར་བོད་ཀྱི་སྲོལ་རྒྱུན་རྐང་བྲོ་གླུ་གཞས་འགྲན་བསྡུར་བྱས་པ་དང། 
སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་རྒན་ཐུབ་བསྟན་རྡོ་རྗེ་ལགས་གཙོས།  ཤེས་ཡོན་འགན་འཛིན་དང་། ཕྱོགས་མཐའ་ཁག་གི་སློབ་སྤྱི་དང་ཁང་ཚན་དགེ་རྒན་བཅས་ཕེབས་ཡོད་པ་མ་ཟད།  ཉིན་དེའི་གཞས་དང་ཞབས་བྲོའི་རིགས་རྣམས་ཧ་ཅང་ཕུན་སུམ་ཚོགས་པ་བྱུང་ཡོད་་པ་ཀུན་གྱིས་བསྟོད་ཡུལ་དུ་འགྱུར་ཡོད་པ་བྱུང་ཡོད།  ལྷག་པར་དུ་འགྲན་བསྡུར་ཙམ་དུ་མ་ཟད་གཞས་དང་ཞབས་བྲོའི་ནང་སློབ་མ་ཁྱོན་༥༠༠ ལྷག་འཛུལ་ཞུགས་བྱས་ཐུབ་ཡོད་པ་ནི་ཧ་ཅང་གོ་སྐབས་དང་། ནུས་པ་ཅན་དུ་འགྱུར་ཡོད་པའི་བྱེད་སྒོ་འཁྲུལ་མེད་་ཞིག་ཡིན། མཐའ་མའི ༢༠༡༧ ཡི་ཅོན་ཏ་ར་སློབ་གྲྭའི་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་བརྒྱ་ཆའི་ཨང་རིམ་དང་པོ་སོན་པ་ནི་ཁྲི་རལ་ཁང་ཚན་ཡིན། ལེགས་པར་བསྟོད་དོ།




༢༠༡༧ ཟླ་བ་ ༤ ཚེས་ ༡༥

ཅོན་ཏ་ར་བོད་ཁྱིམ་འགན་འཛིན་འཕོ་འགྱུར་གྱི་མཛད་རིམ།  
 
འདི་ལོ་བོད་ཁྱིམ་སློབ་གྲྭ་སྤྱི་ཡོངས་ལ་འགན་འཛིན་འཕོ་འགྱུར་བྱུང་ཡོད་པ་བཞིན། ང་ཚོའི་སློབ་གྲྭའི་ནང་དུའང་འཕོ་འགྱུར་གྱི་རིགས་ཁ་ཤས་བྱུང་ཡོད་པ་ནི། ཐོག་མར་དགེ་ཆེ་ཟླ་བ་རྒྱ་མཚོ་ལགས་སློབ་གྲྭ་འདི་ནས་བོད་ཁྱིམ་གྷོ་པལ་པུར་དུ་ལས་གནས་སྤོས་པ་དང་། དེ་ཡི་ཚབ་ཏུ་དགེ་ཆེ་ཕྱག་རོགས་རྒན་ཀརྨ་བཀྲ་ཤིས་ལགས་གནས་འཕར་གྱིས་དགེ་ཆེའི་ལས་གནས་ལ་བསྐོ་བཞག་བྱས། དེ་ནས་དགེ་ཆེ་ཕྱག་རོགས་ཀྱི་གནས་རིམ་ཐོག་སྤྱི་ཚོགས་རིག་གནས་ཀྱི་རྒན་ཆོས་སྟོབས་བཀྲ་ཤིས་ལགས་བསྐོ་བཞག་བྱས་ཡོད་པ་མ་ཟད། ཕྱི་ཟླ་༤པའི་ཚེས་ཉིན་བློ་གཏེར་ཚོགས་ཁང་ནས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཏེ་སློབ་སྤྱི་གཙོས་པའི་དགེ་ཆེ་རྣམ་པས་ལས་གནས་འཕོ་བསྒྱུར་གྱི་གཏམ་བཤད་སྤེལ།






༢༠༡༧ ཟླ་བ་ ༤ ཚེས་ ༤

ས་ཡོམ་གྱི་གོད་ཆག་ལས་སྐྱོབ་ཐབས་ཀྱི་རྩལ་སྦྱོང་།

འདི་ནི་ལོ་རྒྱུས་དང་འབྲེལ་ཏེ་སྔ་མོ་ཕྱི་ལོ་༡༩༠༥ སྤྱི་ཟླ ༤ པའི་ཚེས༤ ལོར་ཀང་ར་རྫོང་ནང་ས་ཡོམ་གྱི་གོད་ཆག་བྱུང་ནས་ཡུལ་མི་སྟོང་ཕྲང་ ༡༩,༠༠༠༠ ལྷག་ཤི་རྨས་བྱུང་བ་དང་ སྐབས་དེ་ནས་བཟུང་ཡུལ་མི་རྣམས་ཀྱི་དེར་དོགས་ཟོན་བྱ་ཡུལ་ཞིག་ཏུ་འགྱུར་བ་མ་ཟད། རྗེས་དྲན་གྱི་ཚུལ་དུ་ལོ་ལྟར་ང་ཚོའི་སློབ་གྲྭའི་ནང་ལའང་དུས་ཚོད་དེ་དང་སྟབས་བསྟུན་ནས། ཕྱི་ཟླ་༤ ཚེས ༤ ཞོགས་པའི་ཕྱག་ཚོས་ ༡༡ ཐོག་ལས་སློབ་ཆ་ཚང་འཛིན་གྲྭ་ཚུགས་བཞིན་པའི་སྐབས་དང་བསྟུན་ཏེ། ་སྦྱོང་བརྡར་བྱེད་བཞིན་ཡོད་ལ། སྐབས་དེར་སློབ་གྲྭའི་ལས་བྱེད་རྣམས་ལའང་ལས་བསྐོས་བྱས་ཏེ། ས་ཡོམ་དངོས་སུ་སླེབས་པ་ལྟར་སྟ་གོན་གྲ་སྒྲིག་དང་། སྦྱོང་བརྡར་བྱེད་བཞིན་ཡོད་པ་ཧ་ཅང་ཚགས་ཚུད་བྱུང་།






༢༠༡༧ ཟླ་བ་ ༣ ཚེས་ ༢༨

སིལ་པོལ་རྩེད་འགྲན་དབུ་འཛུགས་པ།       

བོད་ཁྱིམ་ཅོན་ཏ་རའི་ནང་སློབ་མའི་འབྲི་ཀློག་གི་ཤེས་ཡོན་ཙམ་ལས་འདས་ཏེ་རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག་རྩེད་མོའི་རིགས་གང་མང་གོ་སྒྲིག་ཞུ་བཞིན་ཡོད་ལ། འདི་ལོ་སིལ་པོལ་རྩེད་འགྲན་ནི་སློབ་མ་ཚོས་མཉམ་བསྡེབས་བྱས་ཏེ་རྩེད་མོར་རོལ་བའི་ཐོག་མའི་ལས་གཞི་ཡིན། འདི་ལོ་༢༠༡༧ ཕྱི་ཟླ་༣ པའི་ཚེས་ ༢༨ ཉིན་སིལ་པོལ་སྦྱོང་བརྡར་མཇུག་བསྒྲིལ་ཏེ། དངོས་སུ་ཁང་ཚན་བཞིའི་བར་འགྲན་བསྡུར་དབུ་མཛུགས་པ་དང་།  ཕྱི་ཟླ ༤པའི་ཚེས ༡༨ ཉིན་དངོས་སུ་བུ་དང་བུ་མོ་རྒན་གཞོན་བྱས་ཏེ་ཕོ་མོ་གཉིས་ཀྱི་རྩེད་འགྲན་འགོ་འཛུགས་པ་དང་།  ཕྱི་ཟླ་༤ པའི་ཚེས་༥ ལ་མཐའ་མའི་རྩེད་འགྲན་ཚུགས་ཏེ་ཕྱོགས་ཡོངས་ནས་སིལ་པོལ་འགྲན་བསྡུར་ཨང་རིམ་དང་པོ་གསོན་པ་ནི་གཉའ་ཁྲི་ཁང་ཚན་ཡིན།



༢༠༡༧ ཟླ་བ་ ༣ ཚེས་ ༢༤

འཛམ་གླིང་གློ་ནད་ཀྲི་སྦི་ཉིན་མོ།

                             “མཉམ་སྦྲེལ་ངང་ཀྲི་སྦི་ནད་གཞི་རྩ་མེད་གཏང་ནུས།”

ལོ་ལྟར་བཞན་འདི་ལོ་ཡང་འཛམ་གླིང་ཀྲི་སྦི་ཉིན་མོ་ཞེས་སློབ་གྲྭའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག་སྲུང་བརྩི་གྲ་རྒྱས་ཞུས་ཡོད་པ་མ་ཟད། འདི་ལོའི་འཛམ་གླིང་ཀྲི་སྦི་ཉིན་མོའི་རྩ་དོན་གཙོ་བོ་ང་ཚོས་མཉམ་འབྲེལ་ངང་ཀྲི་སྦི་རྩ་མེད་བཏང་ནུས་ཟེར་བ་དེ་ཡིན།        ཉིན་དེར།

ཀ༽     ཉིན་དེའི་ཞོགས་པ་འཕྲོད་བསྟེན་ཚོགས་ཆུང་གི་ལམ་སྟོན་བཀའ་བགོས་འོག་ཁྱིམ་ཚང་དང་། ལས་བྱེད་ཡོངས་རྫོགས་ནས་རང་གི་ལས་ཤག་གི་སྒེའུ་ཁུང་རྣམས་ཕྱེས་ཏེ། ཉལ་ཁེབས་རྣམས་ཕྱིར་ཉི་མར་བཏོན་ཏེ་ཀྲི་སྦི་ནད་གཞིའི་རྒྱུ་གཙོ་བོ་ཕྲ་སྲིན་རྣམས་གཙང་མ་བཟོ་ཐབས་བྱས།

ཁ༽     སློབ་གྲྭའི་ནང་སློབ་སྤྱི་དབུ་བཞུགས་ཐོག་འཛམ་གླིང་གློ་ནད་ཊི་སྦི་ཡི་ཉིན་མོ་དང་སྟབས་བསྟུན་ཏེ།  དབུས་བོད་མི་སྒྲིག་འཛུགས་སྦིར་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་ནོར་བཟང་ལགས་དང་། སྨན་ཞབས་པ་ཀརྨ་སྒྲོལ་མ་ལགས་ཆེད་དུ་ཕེབས་ཏེ་ཞོགས་པ་སློབ་མ་རྣམས་ལ་ཀྲི་སྦི་ནད་གཞིའི་སྐོར་གློག་ཀླད་བརྒྱུད་སློབ་མ་རྣམས་ལ་འགྲེལ་བརྗོད་ཞུས་ཏེ་བློ་སྐྱེད་ཡོང་ཐབས་བྱས་ཡོད།

ག༽དེ་མ་ཟད་བརྗོད་དོན་གོ་བདེར་ཡོང་སླད་དམའ་རིམ་སློབ་མ་ཁག་གཅིག་གིས་གཏམ་བརྗོད་ཀྱི་ལམ་ནས་ཀྲི་སྦི་ནད་གཞི་འགོག་སྲུང་ཇི་ལྟར་བྱ་དགོས་མིན་ཐད་འཁྲབ་སྟོན་ཞུས་ཡོད།





༢༠༡༧ ཟླ་བ་ ༣ ཚེས་ ༡༨

དཔྱིད་ཀའི་ཁྲོམ་འདུས་བསུ་བའི་དགོད་སྒྲ།           

ཕྱི་ཟླ་༣པའི་ཚེས་༡༨ ཉིན་སློབ་གྲྭའི་ནང་དགེ་སློབ་ཡོངས་ཀྱིས་མཉམ་འདུས་ངང་དཔྱིད་ཀའི་ཁྲོམ་འདུས་ལ་རོལ་མགོ་ཚུགས་པ་དང། སློབ་སྤྱིའི་དགོངས་པ་བཞིན་འདི་ལོ་སློབ་གྲྭའི་འཛིན་ཁང་གི་ཕྱི་ཚང་མ་རྩི་དཀར་གསར་པ་བཏང་ཡོད་པ་ལ་བརྟེན་ནས། སྔར་དང་མི་འདྲ་འདི་ལོའི་སློབ་གྲྭའི་རྐང་པོལ་རྩེད་ཐད་ཆེན་མོའི་ཐོག་ཁྲོམ་འདུས་ཚུགས་ཡོད་པ་ཡིན། སྐབས་དེར་སློབ་གྲྭའི་ལས་སློབ་ཙམ་མིན་པར་སློབ་ཕྲུག་ཚོས་ཀྱང་དཔུང་པ་མཉམ་བསྡེབས་ཀྱིས་ཁྲོམ་འདུས་དེ་སྐྱིད་སྣང་ལྡན་པ་ཞིག་བཟོས་ཡོད། སྐབས་དེར་སློབ་གྲྭའི་ནང་ཤེས་ཡོན་གྱི་རྭ་བ་གསར་པ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད་པ་མ་ཟད། སློབ་མ་ཚོར་འབྲི་ཀློག་གི་ཤེས་ཡོན་ཙམ་མིན་པར་སློབ་མ་རང་ཚོས་ཁ་ལག་བཟོ་རྒྱུ་དང་། ཕྱི་མི་དང་འབྲེལ་བ་བྱ་རྒྱུ། རང་ཁ་རང་གསོའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་མྱོང་གོམས་ཐུབ་པའི་ཤེས་ཡོན་གྱི་རིགས་མང་པོར་རྒྱུས་ལོན་ཐུབ་པ་ནི་ཧ་ཅང་བསྟོད་དུ་འོས་པའི་གནད་ཞིག་ལ་བྱུང་། ལྷག་པར་འདི་ནས་བྱུང་བའི་དངུལ་ཐོབ་རྣམས་སློབ་གྲྭའི་རྩེད་རིགས་ཚོགས་ཆུང་གི་རྩེད་ཆས་ཉོ་རྒྱུར་གཙོ་བོ་བྱས་པ་ཡིན།






༢༠༡༧ ཟླ་བ་ ༣ ཚེས་ ༡༠

གསུམ་བཅུའི་དུས་དྲན་ཐེངས ༥༨ པ་རྒྱལ་ཁའི་ངང་སྲུང་བརྩི་ཞུས་པ།

དེ་རིང་ནི་སྤྱི་ཟླ་གསུམ་པའི་ཚེས་བཅུ་སྟེ།  བོད་མི་རྣམས་ཀྱི་ནམ་ཡང་བརྗེད་དཀའ་བའི་དུས་ཚེས་ཤིག་ཡིན་ལ། དེ་རིང་ནི་བོད་མི་རྣམས་ཀྱིས་རང་དབང་སྒེལ་ལངས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་༥༨ པ་དེ་ཡིན།  སློབ་གྲྭའི་སློབ་སྤྱི་གཙོས་པའི་འཛིན་གྲྭ་བདུན་པ་ཡན་གྱི་སློབ་མ་དང་དགེ་རྒན་ཡོངས་ནངས་སྔ་མོ་ནས་ཅོན་ཏ་ར་རྒྱ་གར་ཁྲོམ་གཞུང་གི་གཡས་ཕྱོགས་ཐང་སྟེང་དུ་སྦིར་བདེ་ནང་གསུམ་གཙོས་པའི་མི་དམངས་མང་པོ་འདུ་འཛོམས་བྱས་ཏེ། དབུས་བོད་མི་སྒྲིག་འཛུགས་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་ཞུས་ཏེ། བོད་ཀྱི་གྲོགས་པོ་རྒྱ་གར་དབུ་ཁྲིད་ཀྱིས་གཏམ་བཤད་གནང་ཡོད།

དེ་ནས་མི་དམངས་ལྷན་དུ་ཇོ་གྷིན་དར་ན་གར་གྲོང་སྡེར་སྐད་འབོད་དུ་བསྐྱོད་པ་དང་། སྐད་འབོད་དེ་ཡང་ལམ་དབུ་མའི་དགོངས་དོན་བཞིན་ཞི་འཇམ་ལྷོད་པའི་ངང་རྒྱ་བོད་མཐུན་སྒྲིག་གཙོ་བོར་བཟུང་སྟེ་ཞི་བའི་སྐད་འབོད་བྱས་ཡོད་ལ། མཐའ་དོོན་གྷན་དྷི་ཚལ་དུ་རྒྱ་གར་དང་བོད་མི་ལྷན་འཛོམས་ཐོག་མཛད་སྒོ་ཚུགས་ཏེ་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་ཞུས་ཏེ། རོལ་དབྱངས་དང་ལྷན་གསུམ་བཅུའི་དྲན་གླུ་གཏོང་སྟེ།  རིམ་པའི་གནས་དེ་ནས་ཁ་གྱེས།






༢༠༡༧ ཟླ་བ་ ༣ ཚེས་ ༧

སློབ་གྲྭའི་དབུ་འབྱེད་མཛད་སྒོའི་ཉི་གཞོན་གསར་པ།

དེ་ཡང་ཕྱི་ལོ་༢༠༡༧ཕྱི་ཟླ་༣པའི་ཚེས་༧ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་པའི་ཐོགཕྲུ་གུའི་ཕ་མ་དང། ལས་སློབ་མཉམ་འཛོམས་ངང་བློ་གཏེར་ཚོགས་ཁང་ནང་སྐུ་མགྲོན་གྱི་གཙོ་བོ་ཀུན་འཕེལ་ཤར་གླིང་ལགས་ཞབས་སོར་འཁོད་དེ། ཐོག་མའི་ཆར་ཚོགས་ཁང་ནང་གི་ལས་སློབ་ཡོངས་རྫོགས་ཚང་འཛོམས་ཐོག་སློབ་སྤྱི་མཆོག་གིས་སྔོན་འགྲོའི་གསུང་བཤད་དང་། དེ་ནས་རྒན་ཀུན་འཕེལ་ཤར་གླིང་ལགས་ཀྱིས་ཤེས་ཡོན་ནི་མི་ཚེའི་རིན་ཐང་ཡིན་པ་དང་། ལྷག་པར་དུ་རང་གི་མི་ཚེའི་ནང་དམིགས་ཡུལ་ཡོད་དགོས་པ་ནི་གལ་ཆེ་ནང་གི་དོན་ཆེན་ཡིན་པས་ངེས་པར་དུ་དགོས་ངེས་ཡིན་གསུངས།དེ་ནས་དགེ་ཆེ་ཟླ་བ་ལགས་ཀྱིས་ཐུགས་རྗེ་ཆེའི་གསུངས་བཤད་དང་།སློབ་ཕྲུག་ཤེས་ཡོན་དང་ཀུན་སྤྱོད་ཀྱི་རྩེ་ཏོག་རྣམས་ལ་བྱ་དགའ་གསོལ་རས་རྩལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ།






༢༠༡༧ ཟླ་བ་ ༣ ཚེས་ ༥

ཕ་མའི་ཉིན་མོ།

སྤྱིར་དེ་རིང་ནི་སྤྱི་ཟླ་གསུམ་པའི་ཚེས་ལྔ་སྟེ། ཞིང་གཤེགས་དམ་པ་༸རྒྱལ་བའི་ཡུམ་ཆེན་ཨ་མ་བདེ་སྐྱིད་ཚེ་རིང་ལགས་ཀྱི་སྐུ་ཡི་འཁྲུངས་སྐར་ཡིན་པ་དང། དུས་ཚེས་འདི་དང་སྟབས་བསྟུན་ནས་ལོ་ལྟར་བོད་ཁྱིམ་ནང་ཉིན་འདིར་ཕ་མའི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཏེ་ཁོང་ལ་རྗེས་དྲན་ཞུ་བཞིན་ཡོད།འདི་ལོ་ཡང་སྔར་རྒྱུན་བཞིན་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་བློ་གཏེར་ཚོགས་ཁང་ནང་གདན་ཞུ་བྱེད་པའི་སྐུ་མགྲོན་གྱི་གཙོ་བོ་བཀའ་དྲིན་ཅན་གྱི་ཕྱི་རྒྱལ་ཨོསི་ཀྲོ་རི་ཡའི་ལྕམ་ཡང་ཀི་མཆོག་གཙོས་པའི་སྦྱིན་བདག་ཁག་བཅུ་གཅིག་ཆེད་ཕེབས་ཀྱིས།  ཁྱིམ་ཚང་ཨ་མ་རྣམ་པ་ལྷན་རྒྱས་ལྷན་འཛོམས་ཐོག་ཕ་མའི་བཀའ་དྲིན།དེ་བཞིན་ཕ་མའི་འགན་འཁུར་སོགས་ཀྱི་སྐོར་བཀའ་སློབ་གཏིང་ཟབ་ཅིག་གནང་རྗེས།ཤེས་ལྡན་ལྷག་བསམ་གྱིས་ཕྱུག་པའི་བཀའ་དྲིན་ཅན་གྱི་སྦྱིན་བདག་རྣམས་ཀྱིས་ཕ་མའི་བྱམས་བརྩེ་དང་བྲལ་བའི་སློབ་ཕྲུག་རྣམས་ཀྱི་སེམས་ལ་སྔར་མེད་ཀྱི་དགའ་སྣང་དང་འཛུམ་མདངས་ཤིག་གི་རྒྱན་ཐུབ་པ་བྱུང་།ཁོང་རྣམ་པ་ཕྱི་ལོ་༢༠༡༧ཕྱི་ཟླ༣ཚེས་གསུམ་དང་བཞི་གཉིས་ལ་སློབ་གྲྭར་བཞུགས་ཡོད།